ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གི་ལཱ་ཊི་ཝྭི་ཡའི་མཛད་འཕྲིན་ལེགས་གྲུབ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདི་ཟླའི་ཚེས་༡༦་ནས་༡༨ བར་དུ་ཉི་མ་གསུམ་གྱི་རིང་དུ་ལཱ་ཊི་ཝྭི་ཡའི་དད་ལྡན་ཆོས་ཞུ་བ་ཚོར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་རྡོ་རྗེ་གཅོད་པའི་བཀའ་དབང་། དེ་བཞིན་དུ་ཁེ་སང་ཕྱི་ཚེས་༡༧་ཉིན་གསུང་ཆོས་ལ་བཅར་མཁན་བོད་པ་༧༠ སྐོར་ཞིག་ལ་ལམ་སྟོན་བཀའ་སློབ་བསྩལ་ཡོད་པར་མ་ཟད། དེ་རིང་ཕྱི་ཚེས་༡༨་ཉིན་གྱི་གསུང་ཆོས་ཉིན་མཐའ་མར་འཇམ་དབྱངས་དཀར་པོའི་རྗེས་གནང་བཀའ་དྲིན་བསྩལ་གནང་མཛད་ནས་ཐེངས་འདིའི་ཤར་ཡུ་རོབ་ཀྱི་ཆོས་འབྲེལ་མཛད་འཆར་ཁག་མཇུག་བསྒྲིལ་ཡོད་པའི་སྐོར། ༧གོང་ས་མཆོག་གི་ཆིབས་སྒྱུར་གྲ་སྒྲིག་པ་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་དང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་བསྟན་འཛིན་ཀུན་དགའ་གཉིས་ལ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG