ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲུག་པ་ཚོར་ནང་ཆོས་ལ་སློབ་སྦྱོང་བྱ་དགོས་པའི་བཀའ་སློབ།


འབྲུག་གི་གྲྭ་བཙུན་དང་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ་བསྩལ་བ།
please wait

No media source currently available

0:00 0:02:08 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་པའི་གྲྭ་བཙུན་དང་སློབ་ཕྲུག་ཚོར་ཕྱག་འཚལ་སྐོར་སྦྱོང་དང་འཆམ་འཁྲབ་པ་ཙམ་ཞིག་མིན་པར་ནང་ཆོས་ལ་སློབ་སྦྱོང་བྱ་རྒྱུ་གལ་འགངས་ཆེ་ཞེས་བཀའ་སློབ་ཟབ་མོ་གནང་འདུག་ཅིང་། དེ་ཡང་ཕྱི་ཟླ་༤་ཚེས་༢༠་སྟེ། རེས་གཟའ་པ་སངས་ཉིན་འབྲུག་ནས་འབྱོར་བའི་གྲྭ་བཙུན་དང་སློབ་ཕྲུག་ཁག་ཅིག་ལ་༧གོང་སམཆོག་གིས་མཇལ་ཁ་དང་བཀའ་སློབ་གནང་བ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་ནི་ཆོས་ལྡན་རྒྱལ་ཁབ་ཅིག་ཡིན། འཛམ་གླིང་འདིར་ནང་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་ཞིང་། འབྲུག་ཡུལ་ལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དཔལ་ན་ལཎྜའི་ཆོས་བརྒྱུད་དར་པའི་རྒྱལ་ཁབ་ཁོ་ན་ཡིན་པས་ནང་ཆོས་ལ་སློབ་སྦྱོང་བྱ་རྒྱུ་གལ་གནད་ཆེ་ཞེས་བཀའ་སློབ་གནང་འདུག

please wait

No media source currently available

0:00 0:02:55 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG