ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་དོན་ལས་འགུལ་བར་དགོངས་སེལ་ཞུས་པ་དང་གུན་གསབ་སྤྲད་དགོས་བྱུང་ཡོད་པ།


དེ་སྔོན་རྒྱ་ནག་གི་དཔོན་རིགས་ཡུ་རོབ་རྒྱལ་ཁབ་ཊེན་མཀ་ལ་རྒྱལ་དོན་འཚམས་འདྲི་སྐྱོད་པའི་སྐབས་སུ་ཡུལ་དེའི་བདེ་འཇགས་ཉེན་རྟོག་པས་བོད་དོན་ལས་འགུལ་བ་ཁག་ཅིག་ལ་དམ་དྲག་དང་བཀག་འགོག་ཤུགས་ཆེ་བྱས་པ་མ་ཟད། ལས་འགུལ་བ་ཁན་ཤས་ཀྱིས་ལག་ནས་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ། བདེ་འཇགས་ཉེན་རྟོག་ལས་ཁང་གིས་ངོས་ལེན་བྱས་པ་དང་འབྲེལ་སྐབས་དེའི་ལས་འགུལ་བ་བརྒྱད་ལ་གུན་གསབ་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པའི་སྐོར་རིག་འཛིན་ལགས་ཀྱི་གནས་ཚུལ་སྙན་སྒྲོན་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG