ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཆིན་ཧྲི་ཧོང་གི་འདྲ་སྐུ་ཁ་བུབ་ལོག་པ།


༄༅།།རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་གྱི་ས་གནས་ཤིག་ཏུ་གོང་མ་དང་པོ་ཆིན་ཧྲི་ཧོང་གི་སྐུ་འདྲ་རྒྱུ་ཆ་ཟངས་ལས་གྲུབ་པ་དང་ལྕི་ཚད་ཊོན་༦་ཡོད་པ། མཐོ་ཚད་ལ་མཱི་ཊར་༡༩་ཅན་ཞིག་བཞེངས་ཡོད་ཅིང་། ཁ་སྔོན་གཟའ་པ་སངས་ཉིན་ཧྲན་ཏུང་ཞིང་ཆེན་གྱི་ས་གནས་དེར་རླུང་འཚུབ་དྲག་པོ་གཡུགས་ནས་ཆིན་ཧྲི་ཧོང་གི་སྐུ་འདྲ་དེ་ཁ་བུབ་ཏུ་རིལ་ཏེ། རྒྱ་ནག་གི་གོང་མ་དང་པོ་དེའི་ཞལ་རས་ས་ནང་དུ་བརྡབས་ནས་བཅགས་ཉོག་བཟོས་པའི་གནས་ཚུལ་ཐོན་འདུག ཡིན་ནའང་རྒྱ་ནག་གཞུང་གིས་འཕྲལ་དུ་ཆིན་ཧྲི་ཧོང་གི་སྐུ་འདྲ་དེ་འཕྲུལ་ཆས་ཀྱིས་ཡར་བསླངས་ནས་རྐྱེན་ངན་ཞིག་བྱུང་བ་གསང་ཐབས་བྱས། སྐུ་བརྙན་དེའི་ཞིག་གསོའི་ལས་དོན་འགན་འཛིན་ཞིག་གིས་དེང་སྐབས་མི་ཚང་མར་ལག་ཐོགས་ཁ་པར་དང་པར་ཆས་ཡོད་པས་སྦ་གསང་བྱ་ཐབས་མེད། འདི་ལ་སྦ་གསང་ཇི་ལྟར་བྱ་ཐུབ་བམ་ཞེས་བཤད་ཡོད་པ་མ་ཟད། ཆིན་ཧྲི་ཧོང་གི་ཟངས་ཀྱི་སྐུ་འདྲ་དེར་གཟུངས་གཞུག་མེད་པར་ཁོག་སྟོང་རེད་ཅེས་གསར་འགོད་པས་གནས་ཚུལ་སྤེལ་འདུག སྤྱི་ལོའི་སྔོན་གྱི་༢༢༡-༢༠༦་བར་དུ་ཆིན་ཧྲི་ཧོང་གིས་སྲིད་དབང་བཟུང་ནས་རྒྱ་ནག་ལྕགས་རིའི་ཆ་ཤས་ཤིག་བརྩིགས་པ་དང་རྒྱ་ནག་གཅིག་གྱུར་བྱས་པའི་བྱས་རྗེས་བཞག་ཡོད་པ་རེད།།

XS
SM
MD
LG