ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་བཞུགས་སྒར་དུ་ཕེབས་པ།


ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་སྤྱི་མཐུན་སྲིད་དོན་ཚོགས་པའི་འཐུས་མི་ལྕམ་ཨེ་ལེ་ནྷར་རོ སེ་ལེ་ཌེ་ནྷན་དང་ཁེ་ལོ་ཌི་ཡ་ཊོ་ནན་གཉིས་ཀྱིས་གཙོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་ཏེ། དབུས་བོད་མིའི་སྒྲིག་འཛུགས་དང་བཞུགས་སྒར་དྷ་རམ་ས་ལའི་ཁུལ་གྱི་མི་མང་གིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ཅིང་། ད་རེས་ཀྱི་འཚམས་འདྲི་འདིའི་མཛད་སྒོའི་ཐོག་ཏུ་སྲིད་སྐྱོང་བློ་བཟང་སེངྒེས་གྲོས་ཚོགས་འཐུས་མི་གཉིས་བཞུགས་སྒར་དུ་ཆེད་ཕེབས་གནང་བར་དགའ་བསུ་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད། གཟའ་པ་སངས་ཉིན་གྲོས་ཚོགས་ཀྱི་སྐུ་ཚབ་གཉིས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་འཕྲད་གནང་གི་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG