ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་འཐབ་འཛིང་གནམ་གྲུ།


༄༅།། རྒྱ་ནག་གིས་ཞི་བདེ་དང་དམག་འཁྲུག་གི་བར་མཚམས་སུ་རང་གི་མཐའ་མཚམས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱལ་སྤྱིའི་མཚོ་ཁོངས་སུ་རྒྱ་སྐྱེད་བྱས་པ་དང་། འདི་ནི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཞན་པ་ཚོས་རྒྱ་སྐྱེད་བཏང་མྱོང་མེད་པའི་རྒྱལ་མཚམས་རྒྱ་སྐྱེད་ཅིག་ཡིན་པ་མ་ཟད། རྒྱ་ནག་གི་མངོན་གསལ་མེད་པ་དང་མེ་མདའ་གཅིག་ཀྱང་རྒྱག་མ་དགོས་པར་ཧི་མ་ལ་ཡའི་ཕྱོགས་སུའང་མཐའ་མཚམས་སྤྱི་ལེ་བརྒྱ་ཕྲག་མང་པོ་རྒྱ་སྐྱེད་གཏོང་གི་ཡོད་པ་དང་། རྒྱ་ནག་གི་ཆེས་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་བོད་ཀྱི་མཐོ་སྒང་ས་ཁུལ་དུ་འགྲེམ་འཇོག་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG