ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷ་སའི་གཙུག་ལག་ཁང་གི་མེ་སྐྱོན་དང་བོད་པའི་བློ་ཚབས་གསར་པ།


བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན་ཆེན་པོ་ཞིག་བྱུང་ནས་ཟླ་བ་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་མེ་སྐྱོན་དེའི་སྐབས་སུ་གཙུག་ལག་ཁང་གི་སྐུ་གསུང་ཐུགས་རྟེན་སོགས་ལོ་ངོ་སྟོང་ཕྲག་གི་རྩ་ཆེའི་རིག་དངོས་ཅི་ཙམ་ལ་མེ་སྐྱོན་བྱུང་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཞིག་ཁྱབ་བསྒྲགས་བྱེད་ཀྱི་མེད་པར་མི་རྣམས་ཀྱིས་བློ་ཚབ་བྱེད་བཞིན་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གིས་ཇོ་ཁང་གི་ཞིག་གསོའི་ལས་དོན་ཡང་བོད་ཀྱི་སྲོལ་རྒྱུན་ལ་མཐུན་པ་ཞིག་བྱེད་ཀྱི་ཡོད་མེད་དེར་བོད་པ་ཚོས་བློ་འཚབ་བྱེད་བཞིན་ཡོད་པའི་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཆེད་བསྒྲགས་ཞིག་སྤེལ་བ་ཡོད་པ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG