ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༡༩༨༨ ལོའི་༣ པའི་ཚེས་༥ཉིན་གྱི་ཞི་རྒོལ་ལ་རྗེས་དྲན་འགྲེམ་སྟོན།


༡༩༨༨་ལོའི་ཕྱི་ཟླ་༣་པའི་ཚེས་༥་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགའ་ལྡན་དགོན་པའི་དགེ་འདུན་པ་ཚོས་དབུ་ཁྲིད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་མི་ལོ་༣༠་ཐམ་པ་ཧྲིལ་བོ་འཁོར་པའི་ཉིན་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་པར་རིས་འགྲེམ་སྟོན་ཞིག་ཚུགས་ཡོད་ཅིང་། ད་ཐེངས་ཀྱི་པར་རིས་འགྲེམ་སྟོན་ཐོག་ཏུ་སྐབས་དེའི་ཞི་རྒོལ་བ་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་གྱི་ལས་འགུལ་ཞིག་སྤེལ་ཏེ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་ཟླ་བ་བཀྲ་ཤིས་ལགས་སུ་ལས་འགུལ་དེའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཅར་འདྲི་ཞུས་སྟེ་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG