༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྟེང་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད། གཟའ་ཟླ་བའི་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༧ པའི་དབུ་འབྱེད་ཀྱི་གཏམ་བཤད་གནང་མཁན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་གྱིས་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་ར་ཤི་ཡ་དང་རྒྱ་ནག ཨ་རི་བཅས་ནི་ཉེས་ཅན་པ་གཉིས་པར་རྩིས་འདུག་པས། གདན་ཐོབ་དང་དབང་ཚད་བེད་སྤྱོད་བཏང་སྟེ་མི་གསོད་བཀག་འགོག་བྱེད་རྒྱུའི་ཚབ་ཏུ་མུ་མཐུད་སྡུག་རྩུབ་བྱེད་དུ་བཅུག་བཞིན་ཡོད་ཅེས་སྐྱོན་བརྗོད་གནང་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་གནས་ཚུལ་ཞིབ་ཕྲ་སྙན་སྒྲོན་ཞུས་གནང་གི་རེད།