ད་ལོའི་བོད་ཀྱི་ལོ་གསར་དང་བསྟུན་ནས་དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་ཚུགས་ཡོད་ཅིང་། རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་ནང་པའི་འདོན་རྟ་དབྱངས་བཏོན་ནས་དབྱིན་ཇིའི་གྲོས་ཚོགས་ཀྱི་མཛད་སྒོར་ཞུགས་པའི་འཐུས་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པའི་སྐོར། མཛད་སྒོ་གོ་བསྒྲིགས་དང་ལས་དོན་དེར་འབྲེལ་བ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གིས་ཡེ་ཤེས་རྡོ་རྗེ་ལགས་ལ་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང་།།