ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱལ་སྤྱི་ཉེས་ཡངས་ཚོགས་པའི་ལོ་འཁོར་སྙན་ཐོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་བྱེད་མཁན་ཤུགས་རྐྱེན་ཆེ་བའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གཟའ་ལྷག་པ་སྟེ། ཕྱི་ཟླ་༢་པའི་ཚེས་༢༡་ཉིན་ཨ་རིའི་གྲོས་ཚོགས་སུ་༢༠༡༧་ནས་༡༨་བར་གྱི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་བྱས་པའི་སྙན་ཐོ་ཁྱབ་བསྒྲགས་བྱས་ཏེ། འདས་པའི་ལོ་དེ་འཛམ་གླིང་ཁྱོན་ཡོངས་སུ་འཁོན་འཛིན་དང་སྡང་སེམས་ཀྱི་གནས་ཚུལ་ཚབས་ཆེན་བྱུང་བའི་ལོ་ཞིག་རེད་ཅེས་ཐེར་འདོན་བྱས་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འདས་པའི་ལོ་གཅིག་ལ་འཛམ་གླིང་གི་ས་ཕྱོགས་མང་པོར་མི་རིགས་འཁོན་འཛིན་གྱི་གནས་ཚུལ་བྱུང་ཡང་ཧ་ཅང་ཡ་ང་བའི་དུས་ཚོད་དེ་འདྲ་ཞིག་ལ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ནུས་པ་ཐོན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐོབ་ལ་རྡོག་རོལ་བྱུང་བར་བཀག་འགོག་གནང་ཐུབ་མེད་པ་མ་ཟད། ད་དུང་ཚབས་ཆེ་བ་ཞིག་ལ་སྲིད་གཞུང་ཁག་ཀྱང་འགྲོ་བ་མིའི་ཐོབ་ཐང་བཅོམ་འཕྲོག་གི་བྱ་སྤྱོད་ངན་པ་ཁག་ལ་ཐེ་གཏོགས་ཡོད་པ་ཞིག་ཏུ་འགྱུར་བཞིན་ཡོད་ཅིང་། མི་གྲངས་ས་ཡ་མང་པོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ནུས་པ་མི་འདོན་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོའི་གྲས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཌོམ་ཡང་མིང་འདོན་བྱས་ཡོད་པ་རེད།།

XS
SM
MD
LG