ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་སྐབས་ལྷ་སའི་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་པར་ཐུགས་གསོ་གནང་སོང་།


སྤྱི་ལོ་༢༠༡༨ ལོའི་ཟླ་༢ ཚེས་ ༢༠ ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་ཀྱི་ལོ་གསར་ལ་དགའ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཤིང་། ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་མཐོ་གྲས་ཁག་ཅིག་གིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་པ་དང་དུས་མཚུངས། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོས་ཉེ་ཆར་ལྷ་སའི་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་པར་ཐུགས་གསོ་ཡོད་པ་དང་། བོད་མི་ཚོས་རྩ་ཆེ་ཤོས་སུ་རྩིས་པའི་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་པ་ནི་བློ་ཕམ་དགོས་པའི་གནས་ཤིག་རེད་ཅེས་གསུངས་སོང་། ཕྱི་སྲིད་ལྷན་ཁང་གི་དམངས་ཀྱི་འབྲེལ་མཐུད་དང་ལས་དོན་ཚན་པའི་དྲུང་ཆེ་གཞོན་པས། ལྷ་སའི་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་པར་ཐུགས་གསོ་གནང་པ་དང་། བོད་དོན་ལ་སྔར་བཞིན་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད། མཛད་སྒོའི་ཐོག་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་རྒྱལ་སའི་མངའ་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཀྱང་གསུང་བཤད་གནང་ཡོད་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་གསར་གྱི་མཛད་སྒོར་མཐུན་འགྱུར་ཕྱག་རོགས་གནང་ཡོད་འདུག

XS
SM
MD
LG