ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན།


༄༅།། སྐད་འཕྲིན་དང་བོད་ནས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་པ་ལྟར་ན་སྤྱི་ཟླ་༢ཚེས་༡༧་གྱི་དགོང་མོའི་ཆུ་ཚོད་༧་ཡས་མས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན་ཆེན་པོ་བྱུང་ཡོད་ཅིང་། གསར་འགྱུར་མཁོ་སྤྲོད་པ་མཁོ་ཁག་ཅིག་གིས་མེ་སྐྱོན་བྱུང་ས་གཙོ་བོ་གཙུག་ལག་ཁང་གི་རྒྱབ་ལོགས་སུ་ཡིན་པས་ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་དང་དེ་མིན་གྱི་རྩ་ཆའི་སྐུ་གསུང་ཐུགས་རྟེན་ལ་མེ་སྐྱོན་བྱུང་མེད་ཚུལ་བརྗོད་ཀྱང་ཨ་རི་རླུང་འཕྲིན་ཁང་གིས་དེ་ལ་ངེས་གཏན་བྱ་མི་ཐུབ་པ་དང་། ཡང་འགའ་རེས་བརྗོད་ན་གང་ལྟར་མེ་གསོད་རུ་ཁག་དང་ས་གནས་མི་དམངས་བཅས་ཀྱིས་མེ་བསད་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག གཞན་ཡང་སྤྱི་ཚོགས་དྲ་འབྲེལ་ཐོག་བརྗོད་པར་གཞིགས་ན། གཙུག་ལག་ཁང་དང་འབྲེལ་ནས་ཡོད་པའི་རྨེའུ་རུ་རྙིང་པའི་འཁྲིས་ཀྱི་མ་ཎེ་ལྷ་ཁང་དུ་མེ་སྐྱོན་བྱུང་བ་དང་། ཡང་གཙུག་ལག་ཁང་གི་དགེ་འདུན་པའི་གྲ་ཤག་ལ་མེ་སྐྱོན་བྱུང་བ་ཡང་བརྗོད་ནས་གཙུག་ལག་ཁང་དུ་གནོད་འཚེ་དེ་ཙམ་བྱུང་མེད་པ་བརྗོད་མཁན་ཡང་ཡོད་འདུག དེ་མིན་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བར། གཙུག་ལག་ཁང་གི་གཞོགས་གཅིག་ལ་མེ་སྐྱོན་བྱུང་ན་ཡང་ལམ་སེང་མེ་བསད་པ་བརྒྱུད་མི་ལ་གནོད་འཚེ་བྱུང་མེད་པ་དང་ཉེ་ཁོར་གྱི་གནས་སྟངས་སྔ་རྒྱུན་བཞིན་ཡིན་མུས་ཐོག་མེ་སྐྱོན་བྱུང་ཡུལ་དུ་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་འུ་གཡིང་ཇེ་སླེབས་ཏེ་ལས་དོན་བཀོད་སྒྲིག་བྱས་པ་བརྗོད་འདུག

ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན།
please wait

No media source currently available

0:00 0:01:02 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG