ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད།


ཐེ་ཝན་དུ་ཡོད་པའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ལོ་ལྟར་ཐེ་ཝན་མི་མང་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་དང་བོད་པའི་གནས་སྟངས་དྲིལ་བསྒྲགས་བྱེད་པའི་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་བཞིན་ད་ལོའི་ལས་འགུལ་དེ་ཕྱི་ཟླ་༢་པའི་ཚེས་༧་སྟེ། གཟའ་ལྷག་པའི་ལྷག་དཀར་ཉིན་མོར་སྟབས་བསྟུན་ནས་དབུ་འཛུགས་གནང་ཡོད་ཅིང་། གསུམ་བཅུ་དུས་དྲན་བར་དུ་གཟའ་ལྷག་པ་ཆགས་ཅན་ལ་ལས་འགུལ་མུ་མཐུད་དེ་སྤེལ་རྒྱུ་ཡིན་པ་སོགས་ཀྱི་སྐོར། ལས་འགུལ་ཐོག་མར་དབུ་འཛུགས་གནང་མཁན་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG