ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༡/༡༩

བོད་དོན་རྒྱབ་སྐྱོར་པ་ཞིག་ལ་བདེན་པའི་སྒྲོན་མེ་འབུལ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་པ་གྲགས་ཅན་རེ་ལ་ལོ་ལྟར་བདེན་པའི་སྒྲོན་མེ་ཞེས་པའི་གཟེངས་རྟགས་ཤིག་འབུལ་སྲོལ་ཡོད་ཅིང་། ལོ་འདིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེགས་རྟགས་དེ་ཉིད་རྒྱལ་ས་ཝ་ཤིང་ཊོན་གྱི་བོད་དོན་རྒྱབ་སྐྱོར་པ་རྙིང་པ་ཞིག་སྟེ། བོད་པ་ཚོས་ཡོངས་གྲངས་སུ་ཨ་མ་གྷེ་རེ་སི་ཞེས་འབོད་པ་དེ་ལ་འབུལ་རྒྱུ་དང་། ཨ་མ་གྷེ་རི་སི་གཅིག་པུས་ལོ་བཅུ་ཐམ་པའི་རིང་དུ་བདུན་ཕྲག་རེའི་གཟའ་པ་སངས་ནམ་ཡིན་ལ་རྒྱུན་ཆད་མེད་པར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་ནས་ཞི་བའི་ངོ་རྒོལ་བྱས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG