ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༣/༢༣

ཁེ་ན་ཌའི་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་།


ཁེ་ན་ཌའི་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་དུ་དོ་སྣང་དང་རྟོག་ཞིབ་བྱེད་བཞིན་ཡོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་དང་འབྲུག་ལོ་། ད་དུང་པཎ་ཆེན་སྐུ་ཕྲེང་༡༡་པ་བསྟན་འཛིན་དགེ་འདུན་ནམ། ཡོངས་གྲགས་སུ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་གྲགས་པའི་བོད་ཀྱི་སྲིད་དོན་བཙོན་པ་ཁག་གི་བདེ་དོན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཁོང་གསུམ་མགྱོགས་ནས་མྱུར་དུ་གློད་གྲོལ་འཐོབ་པར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གཞུང་ལ་ཡང་ནས་ཡང་དུ་ནན་བརྗོད་བྱས་ཡོད་ཅེས་ཁ་ཌ་ཌའི་ཕྱི་སྲིད་བློན་ཆེན་གྱིས་ཡིག་ཐོག་ཏུ་ལན་འདེབས་གནང་བ་ཞིག་ལ་འཁོད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་རིག་འཛིན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG