ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ས་ཆ་བཙན་འཕྲོག་བྱེད་བཞིན་པ།


རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་མཱེལ་ཌི་ཧྥེ་སུ་དུ་རྒྱ་ནག་གཞུང་གིས་གླིང་ཕྲན་བཅུ་དྲུག་ཉོས་ཟིན་པ་དང་། དེ་གར་གྲུ་ཁ་འཛུགས་བསྐྲུན་དང་ཚོང་ལས་རྒྱ་སྐྱེད་གཏོང་བཞིན་པ་བཅས་ཀྱིས་ད་ལྟ་རྒྱལ་ཁབ་འདིའི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་མི་འབོར་ཉུང་བའི་རྒྱལ་ཁབ་འདིའི་བདག་དབང་ཉེན་ཁ་ཅན་དུ་གྱུར་ཡོད་འདུག མཱེལ་ཌི་ཧྥེ་སུ་ཡི་སྲིད་འཛིན་ཟུར་བ་དང་བཙན་བྱོལ་དུ་ཡོད་པ་མཱོ་ཧ་མད་ཌི་ནཱ་ཤི་ཌི་ཡིས་གསར་འགོད་པ་ཚོ་ལ། ཁོང་གི་རྒྱལ་ཁབ་ལ་ཁྱོན་སྡོམ་མི་འབོར་འབུམ་གསུམ་དང་ཁྲི་བཞི་ཙམ་ལས་མེད་པ་དང་། ཁོང་གི་རྒྱལ་ཁབ་ལ་རྒྱ་ནག་གིས་མི་སེལ་སྤེལ་ཡུལ་བྱེད་བཞིན་པ། རྒྱ་ནག་གིས་མཱེལ་ཌི་ཧྥེ་རྒྱལ་ཁབ་ནང་ཚོང་ལས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པ་དེ་ནི་རྒྱལ་ཁབ་འདིའི་མངའ་ཁོངས་ལ་བཙན་འཛུལ་བྱེད་པ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཞན་གྱི་མངའ་ཁོངས་སུ་ས་ཆ་བཙན་འཕྲོག་བྱེད་བཞིན་ཡོད་པས། རྒྱ་གར་རྒྱ་མཚོའི་མངའ་ཁུལ་ཧྲིལ་བོ་ལ་རྒྱ་ནག་གིས་འདྲེ་ལག་བསྐྱངས་བཞིན་པར་ངོས་འཛིན་གསལ་བོ་ཞུས་ཏེ་རྒྱལ་ཁབ་ཚང་མས་རང་སྲུང་དང་རྒྱབ་རོགས་ཀྱིས་དོ་སྣང་ཞུགས་ཆེན་བྱ་དགོས་པའི་འབོད་སྐུལ་གནང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG