ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བཙན་དབང་གིས་རིག་གཞུང་སྣུབ་མི་ཐུབ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་མུ་མཐུད་དུ་གསུང་ཆོས་གནང་བཞིན་ཡོད་ཅིང་། དེ་རིང་ཕྱི་ཚེས་༢༢་ཉིན་༧གོང་ས་མཆོག་གིས་རྒྱ་མི་རིགས་ཀྱི་ཆོས་ཞུ་བ་ཚོར་རྡོ་རྗེ་གཅོད་པའི་གསུང་ཆོས་གནང་བའི་སྐབས་སུ་མི་རིགས་སུ་འདྲ་ཞིག་ཡིན་རུང་མི་རིགས་དེའི་ཕ་མེས་ནས་ཉམས་སུ་བླངས་པའི་ཆོས་ལུགས་རྒྱུན་འཛིན་བྱ་རྒྱུ་གལ་གནད་ཆེན་པོ་ཡིན། ལོ་ངོ་སྟོང་ཕྲག་མང་པོར་མི་རིགས་ཤིག་གི་རིག་གཞུང་དང་གོམས་གཤིས་ལ་གྱུར་ཟིན་པའི་ཆོས་དང་རིག་གཞུང་ནི་ཕྱིའི་བཙན་ཤུགས་ཀྱི་འོག་ཏུ་སྣུབ་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG