ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེན་བརྡ་གཏོང་ནོར་ཤོར་བའི་རྐྱེན་གྱིས་ཧཱ་ཝ་ཡི་ནང་ཚབ་ཚུབ་དངངས་སྐྲག


རེས་གཟའ་སྤེན་པའི་ཉིན་ ཨ་མི་རི་ཀའི་མངའ་སྡེ་ཧཱ་ཝ་ཡི་ལ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་གཏོང་རྒྱུ་ངེས་པ་ཡིན་པའི་ཉེན་བརྡ་བཏང་སྟེ་ ཚང་མས་རང་སྲུང་གི་བྱ་ཐབས་ལག་བསྟར་བྱེད་དགོས་པའི་ཛ་དྲག་གི་ཁྱབ་བསྒྲགས་ཤིག་ བརྙན་འཕྲིན་དང་ རླུང་འཕྲིན་ ལག་འཁྱེར་ཁ་པར་སོགས་བརྒྱུད་ལམ་ཚང་མའི་ཐོག་ཐོན་ཏེ་ མི་རྣམས་འཇིགས་སྣང་དང་དངངས་འཚབ་ཧ་ཅང་ཆེན་པོའི་ངང་ཉེན་གཡོལ་བྱེད་དགོས་པའི་གནས་ཚུལ་ཛ་དྲག་ལ་ ཟང་ཟིང་ཆེ་བ་ཞིག་བྱུང་ཡོད་པ་དེ་ དངོས་འབྲེལ་མ་ཡིན་པར་ནོར་འཁྲུལ་ཤོར་བ་ཡིན་ལུགས་རྗེས་སུ་གཞུང་འབྲེལ་མི་སྣས་བརྗོད་པ་དང་འབྲེལ་ ནོར་ཕྲུལ་དེ་ནི་འབྲེལ་ཡོད་ལས་ཁང་གི་ལས་མི་གཅིག་གིས་མརྫུབ་སྣོན་མཐེབ་ཅུ་ནོར་ཏེ་སྣན་པའི་སྐྱོན་ཡིན་ལུགས་འགྲེལ་བརྗོད་བྱས་ཏེ་དགོངས་སེལ་ཞུས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG