ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཐེ་ཝན་བཀའ་དྲིན་ཆེ།


ཐེ་ཝན་དུ་གནས་སྡོད་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཁག་དང་སྐུ་ཚབ་དོན་གཅོད་ཁང་བཅས་ཐུན་མོང་གི་ངོ་ནས་ཐེ་ཝན་གཞུང་དམངས་གཉིས་ལ་བཀའ་དྲིན་ཆེ་ཞུ་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། ལས་འགུལ་དེའི་སྤེལ་ཐབས་གཙོ་བོ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཕྱག་ཏུ་ཐེ་ཝན་གྱི་ས་བཀྲ་ཤིག་བསྣམས་པའི་སྐུ་པར་ཆེན་པོ་ཞིག་ཐེ་ཝན་གྱི་གཞུང་ལམ་ཁག་ཏུ༌སྦྱར་འགྲེམ་བྱས་ནས་ཐེ་ཝན་ལ་བཀའ་དྲིན་ཆེ་ཞེས་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་མ་ཟད། ཐེ་ཝན་ལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཙུགས་ནས་ལོ་ཉི་ཤུ་འཁོར་པ་དང་བོད་པ་ཚོ་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་མི་་ལོ་༦༠་འཁོར་པ། ད་དུང་༢༠༠༨་ལོར་བོད་ས་ཡོངས་སུ་བོད་པ་རྒན་གཞོན་བར་གསུམ་དང་སེར་སྐྱ་དབྱེ་བ་མེད་པར་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་ལས་འགུལ་ལངས་ནས་ལོ་བཅུ་འཁོར་གྱི་ཡོད་པའི་དུས་དྲན་ཁག་ཀྱང་སྲུང་བརྩི་ཞུ་འཆར་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཐེ་ཝན་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG