ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༣/༡༧

དོན་གྲུབ་དབང་ཆེན་ཨ་རིར་བདེ་འབྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ནང་གི་བོད་པ་ཚོའི་སེམས་ཀྱི་སྐད་ཆ་དང་མངོན་འདོད་རྣམས་གསང་བའི་སྒོ་ནས་ཕབ་སྐྲུན་བྱས་པའི་གློག་བརྙན་༼འཇིགས་བྲལ།༽ཞེས་པ་བཟོ་མཁན་དོན་གྲུབ་དབང་ཆེན་རྒྱ་ནག་གཞུང་གིས་ལོ་དྲུག་ལ་བཙོན་མཇུག་བྱས་པའི་རྗེས་སུ་ལོ་ཤས་སྔོན་དུ་གློད་གྲོལ་བཏང་མོད། འོན་ཀྱང་ཁོང་ལ་གློད་གྲོལ་ཐོབ་པའི་རྗེས་སུའང་འགྲོ་འདུག་གི་རང་དབང་དེ་ཙམ་མེད་གནས་ཚུལ་ཐོན་ཞིང་། ད་ལྟ་བྲོས་བྱོལ་གྱི་ཉེན་ཁའི་འོག་ནས་དོན་གྲུབ་དབང་ཆེན་ཨ་མི་རི་ཀར་བདེ་འབྱོར་བྱུང་སྟེ་བཟའ་ཟླ་བུ་ཕྲུག་རྣམས་ལྷན་འཛོམས་བྱུང་ཡོད་པ་མ་ཟད། དོན་གྲུབ་དབང་ཆེན་གྱིས་རང་གི་དངོས་མྱོང་རྣམས་གང་མགྱོག་གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱ་འཆར་ཡོད་པ་རེད།།

XS
SM
MD
LG