ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཏུམ་ཀུར་གཙུག་ལག་སློབ་གྲྭར་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་བཀའ་སློབ།


རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་ཏུམ་ཀུར་གཙུག་ལག་སློབ་གྲྭར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་འཛམ་གླིང་འདིར་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཕན་ཡོན་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བ་དང་། གཙུག་ལག་སློབ་གྲྭ་དེའི་དགེ་ལས་སྟོང་ཕྲག་གཉིས་ལྷག་འདུས་པའི་འདུ་འཛོམས་ཆེན་པོ་དེའི་སྐབས་ཀྱི་བཀའ་སློབ་ལས་རིམ་གྲས་སུ་སེར་བྱེས་གྲྭ་ཚང་གི་མཁན་པོ་ཡང་མཉམ་ཞུགས་གནང་ཡོད་པ་མ་ཟད། བཀའ་སློབ་ལས་རིམ་འདི་སེར་བྱེས་མཁས་སྙན་གྲྭ་ཚང་དང་ཏུམ་ཀུར་གཙུག་ལག་སློབ་གྲྭ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་བྱས་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG