ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ནང་རང་ལུས་མེར་བསྲེག་གི་གནས་ཚུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་བོད་ཨ་མདོ་རྔ་བའི་ནང་བོད་མི་ཞིག་གིས་རང་ལུས་མེར་བསྲེག་གནང་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ཕྱི་ནང་གི་གནས་ཚུལ་འབྱུང་ཁག་གིས་བརྗོད་དོན་བྱས་ན་ དེ་རིང་རེས་གཟའ་སྤེན་པའི་ཕྱི་དྲོའི་ཆུ་ཚོད་ ༦ དང་ ༣༠ ཙམ་ལ་ ཨ་མདོ་རྔ་བ་ཀིརྟི་དགོན་ཆེན་གྱི་མར་ནང་དང་ དཔའ་བོའི་སྲང་ལམ་ཡར་ནང་གི་བར་དེ་གཉིས་སུ་བོད་མི་ཞིག་གིས་རང་ལུས་མེར་བསྲེག་གནང་ཡོད་པ་རེད། གནས་ཚུལ་མིག་མཐོང་མཁན་ཞིག་གིས་བརྗོད་དོན་བྱས་ན་ རྒྱ་མིའི་ཉེན་རྟོག་པས་ས་ཆ་དེ་གཙང་མ་བཟོས་ཟིན་ཡོད་པ་རེད། འོན་ཀྱང་རང་ལུས་མེར་བསྲེག་གནང་མཁན་དེ་གྲྭ་བཙུན་སྐྱ་སེར་སུ་ཡིན་དང་ ད་ལྟ་ཁོང་འདས་གསོན་ཇི་ཡིན་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད། སྤྱི་ཚོགས་དྲྭ་རྒྱའི་ཐོག་བརྙན་པར་ཞིག་ཐོན་པའི་ནང་ བོད་མི་ཞིག་གིས་རང་ལུས་ཐོག་མེ་ལྩེ་འབར་བཞིན་དུ་གོམ་བགྲོད་བཞིན་པ་དང་ ཉེ་འཁྲིས་སུ་བུད་མེད་ཞིག་གིས་༧རྒྱབ་བསྟན་འཛིན་རྒྱ་མཚོ་་་་་་་ཞེས་སྨོན་ལམ་འདོན་བཞིན་པ་ཐོས་རྒྱུ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་དྲྭ་ལམ་ཐོག་གནས་ཚུལ་འདི་འདོན་སྤེལ་གནང་ཡོད་པ་དང་ བོད་མིའི་སྒྲིག་འཛུགས་ཀྱིས་ བོད་ནང་བོད་མིའི་རང་ལུས་མེར་བསྲེག་གི་གནས་ཚུལ་འདི་དག་གི་རྒྱུ་རྐྱེན་དང་ བོད་མིའི་དཀའ་ངལ་ འདི་སེལ་རྒྱུའི་འགན་འཁྲི་ཆ་ཚང་རྒྱ་ནག་སྲིད་གཞུང་གི་ཐོག་ཡོད་ཅེས་དང་ བོད་ནང་བོད་མིས་རང་ལུས་མེར་བསྲེག་གཏོང་དགོས་པའི་ཡིད་སྐྱོའི་གནས་སྟངས་འདིའི་རྒྱུ་རྐྱེན་སྟེ་ རྒྱ་ནག་སྲིད་གཞུང་གི་བོད་མིའི་ཐོག་སྲིད་ཇུས་ནོར་འཁྲུལ་ཅན་དེ་བསྐྱར་ཞིབ་བྱེད་རྒྱུའི་དུས་སུ་སླེབས་ཡོད་ཅེས་གསུངས་ཡོད་པ་རེད། དེ་རིང་གི་གནས་ཚུལ་འདི་ནི་ ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མིས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེག་གི་གནས་ཚུལ་ ༡༥༢ པ་དེ་ཡིན་པ་རེད། །

དཀོན་པེ་གྲོངས་རྗེས་ཨ་ཕ་བཀག་ཉར།
please wait

No media source currently available

0:00 0:00:12 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG