ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུལ་སྐད་སློབ་འགོ་ཚུགས་པ།


ཨ་ཧྥི་རི་ཀའི་སབ་ས་ཧ་རའི་མངའ་ཁུལ་གྱི་བྱིས་པ་མང་ཆེ་བར་རང་གི་ཕ་སྐད་མ་བསླབས་པར་ལུང་པ་དེ་དག་ལ་མི་སེར་སྤེལ་པའི་དབང་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཁག་གི་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། མི་སེར་སྤེལ་མཁན་གྱི་སྐད་ཡིག་སློབ་ཁྲིད་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རང་གི་བྱིས་པ་རྣམས་ཀྱིས་རྒྱལ་སྤྱིའི་སྐད་ཡིག་ཤེས་ན་མི་ཚེར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་མོད། འོན་ཀྱང་མཁས་པ་ཁག་གིས་བྱིས་པ་དེ་ཚོར་རང་གི་ཡུལ་ལུང་སོ་སོའི་ཕ་སྐད་མ་བསླབས་པར་མི་རིགས་གཞན་གྱི་སྐད་ཡིག་གཅིག་པུ་བསླབས་ན་བྱིས་པ་ཚོའི་སྤྱི་ཡོངས་ཀྱི་ཤེས་ཡོན་སློབ་སྦྱོང་གི་ནུས་པ་ཆུང་དུ་གཏོང་གི་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་སོ་ཧྥི་ཡ་ཁེ་རི་སི་ཊེན་སི་ཡིས་སྤེལ་བའི་གནས་ཚུལ་ཞིག་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG