ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོ་ཌི་ཤ་མངའ་སྡེར་ཞབས་སོར་བཀོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་ཨོ་ཌི་ཤའི་རྒྱལ་ས་བྷུབ་ནེཤ་ཝར་དུ་ཞབས་སོར་བཀོད་གནང་མཛད་འདུག་པ་དང་། བྷུབ་ནེཤ་ཝར་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བཀོད་སྐབས་མངའ་སྡེའི་བློན་ཆེན་གཉིས་དང་དེ་མིན་གཞུང་འབྲེལ་མི་སྣ་སོགས་དང་། མངའ་སྡེ་དེའི་ནང་ཡོད་པའི་ཕུན་ཚོགས་གླིང་བོད་མི་བཙན་བྱོལ་བའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང་མི་འཐུས་སོགས་ཀྱིས་ཕེབས་བསུ་ཞུས་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་གཟིམ་ཤག་ཏུ་གདན་དྲེན་ཞུས་ཏེ་དབུ་ཁྲིད་རྣམ་གཉིས་ལྷོད་མཇལ་གནང་འདུག

XS
SM
MD
LG