ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་སྐྱོང་མཆོག་གི་བྱང་ཡུ་རོབ་ཡུལ་གྲུ་ཁག་གི་འཚམས་གཟིགས་མཇུག་བསྒྲིལ་བ།


བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནོར་ཝེ་དང་ཌེན་མག སུ་ཝི་ཌན་བཅས་ནང་འཚམས་གཟིགས་ལ་ཕེབས་ཡོད་པ་དང་། ད་རིང་འཚམས་གཟིགས་གནང་ཡུལ་མཐའ་མ་སུ་ལྦི་ཌེན་གྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་དང་མཇལ་འཕྲད་གྲོས་མོལ་གནང་བ་མ་ཟད། ད་དུང་ཌེན་མག་སྲིད་གཞུང་གིས་རྒྱ་ནག་དང་འབྲེལ་བ་བཟང་པོ་ཡོད་པ་དེ་ཐོག་ནས་བོད་ཀྱི་གནད་དོན་དང་། ལྷག་པར་དུ་༢གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཁག་དང་རྒྱ་ནག་ཕན་ཚུན་་གྲོས་མོལ་ཡོང་ཐབས་གནང་དགོས་པའི་རེ་མདུན་ཞིག་སྤེལ་གནང་ཡོད་པ་སོགས་ཀྱི་སྐོར་སྲིད་སྐྱོན་དང་ལྷན་བཅར་ཞུས་མཁན་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་དང་སུ་ལྦི་ཌེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་གཉིས་ལ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG