ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གིས་མི་རིགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཚོགས་འདུར་གསུང་འཕྲིན་བསྩལ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྤྱི་ཟླ་༡༡ཚེས་༡༤ནས་༡༧བར་ཉི་ཧོང་གི་རྒྱལ་སར་ཚོགས་བཞིན་པའི་མི་རིགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་ཚོགས་འདུ་ཐེངས་བཅུ་བཞིར་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་ཡོད་པ་དང་། ཚོགས་འདུ་འདི་ནི་ཨ་རིར་ཡོད་པའི་སྤྱི་དམངས་ཀྱི་སྟོབས་ཤུགས་ཞེས་པའི་ཚོགས་པ་ནས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཚོགས་འདུ་འདིར་བོད་སོག་ཡུ་གུར་བ་སོགས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མི་སྣ་མང་པོ་མཉམ་ཞུགས་གནང་ཡོད་འདུག

XS
SM
MD
LG