ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་བ།


སྤྱི་ལོ་ ༢༠༡༧ལོའི་ཟླ་ ༡༡ ཚེས་ ༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་གཉེར་ཁང་གསར་པ་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཟིན་པར་དབུ་འབྱེད་མཛད་ཡོད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གཉེར་ཁང་གསར་པ་དེའི་འཛིན་གྲ་དང་ཉལ་ཁང་། དཔེ་མཛོད་ཁང་བཅས་ལ་གཟིགས་ཞིབ་མཛད་པ་དང་མ་འོངས་པར་སློབ་གཉེར་ཁང་གནང་ཕྱོགས་ཐད་ལམ་སྟོན་ཡང་མཛད་ཡོད་པ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG