ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཁེ་ཊི་ལོ་ཎི་ཡའི་རང་བཙན་མང་མོས་འོས་འདེམས།


༄༅།། ཡུ་རོབ་རྒྱལ་ཁབ་སི་པེན་གྱི་མངའ་འོག་ཏུ་ཡོད་པའི་ཁེ་ཊི་ལོ་ཎི་ཡར་རང་བཙན་གྱི་མང་མོས་འོས་འདེམས་བྱས་ཏེ། ཁེ་ཊི་ལན་གྱི་འགོ་ཁྲིད་བྷུ་ཇི་དྷ་མུན་གྱིས་རང་གི་མངའ་ཁུལ་དེར་རང་བཙན་བྱེད་ཆོག་པའི་ཐོབ་ཐང་ཡོད། ཁེ་ཊི་ལན་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༢་དང་གྲངས་ཆུང་༣་ཡས་མས་ཤིག་རང་བཙན་གྱི་མང་མོས་འོས་འདེམས་ལ་མཉམ་ཞུགས་བྱས་ཡོད་པ་དང་། གཟའ་ཉི་མའི་མང་མོས་འོས་འདེམས་ལ་ཁེ་ཊི་ལོ་ཎི་ཡར་མི་མང་འོས་ཤོག་འཕེན་ལོ་སོན་པ་ས་ཡ་༥་དང་འབུམ་༣་ཡོད་པ་དེའི་ཁོངས་ནས་མི་གྲངས་ས་ཡ་༢་དང་འབུམ་༣་ཡས་མས་ཤིག་འོས་ཤོག་འཕངས་ཡོད། སི་པེ་གྱི་ཉེན་རྟོག་པ་ཚོས་མང་མོས་འོས་འདེམས་ལ་བཀག་འགོག་བྱས་པའམ། ཡང་ན་འོས་སྒམ་བཙན་འཕྲོག་བྱས་པའི་སྟབས་ཀྱིས་འོས་ཤོག་འབུམ་༧་དང་ཁྲི་ཚོ་༥་གྲངས་ཀ་ཐེབས་ཀྱི་མི་འདུག་ཅེས་བཤད་ཡོད་ཅིང་། སི་པེན་གྱི་ཆེས་མཐོ་ཁྲིམས་ཁང་གིས་ཁེ་ཊི་ལོ་ཎི་ཡར་རང་བཙན་གྱི་མང་མོས་འོས་འདེམས་བྱེད་ཆོག་པའི་ཐོབ་ཐང་མེད་ཅེས་བཀའ་བཏང་ཡོད་པ་དང་། སི་པེ་གཞུང་གིས་ཁེ་ཊི་ལོ་ཎི་ཡར་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་པ་ཕྱིར་བསྡུ་བྱ་སྲིད་ཅེས་ཉེན་བརྡ་བཏང་སྟེ། རྒྱལ་ཁབ་དེའི་ཉེན་རྟོག་པ་ཚོས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ལ་ཞུགས་པའི་མི་གྲངས་༩༠༠་ལྷག་ལ་རྡུང་རྡེག་དྲག་པོ་བཏང་ནས་རྨས་སྐྱོན་ཕོག ད་དུང་མང་མོས་འོས་འདེམས་ཀྱི་འོས་ཤོག་འཕེན་ས་ཁག་ཅིག་སྒོ་བརྒྱབ་པ་དང་། འོས་སྒམ་མང་པོ་ཞིག་ཉེན་རྟོག་པས་བཙན་འཕྲོག་བྱས་པའི་གནས་ཚུལ་ཐོན་འདུག ཁེ་ཊི་ལོ་ཎི་ཡའི་འགོ་ཁྲིད་བྷུ་ཇི་དྷ་མུན་གྱིས་ཁེ་ཊི་ལན་མི་དམངས་ཀྱིས་གཉའ་གནོན་མྱངས་ཀྱང་གཟའ་མཇུག་དེར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མང་མོས་འོས་འདེམས་བྱས་ཡོད། ད་ལྟ་ཁེ་ཊི་ལོ་ཎི་ཡར་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་རང་བཙན་བྱ་ཆོག་པའི་ཐོབ་ཐང་ཡོད། ཉིན་ཤས་རྗེས་སུ་ངའི་སྲིད་གཞུང་གིས་མང་མོས་འོས་འདེམས་ཀྱི་གྲུབ་འབྲས་ཁེ་ཊི་ལོ་ཎི་ཡའི་གྲོས་ཚོགས་ལ་འབུལ་ལམ་ཞུས་ཏེ། ཁེ་ཊི་ལོ་ཎི་ཡའི་བདག་དབང་འཛིན་མཁན་མི་དམངས་ཀྱི་འཐུས་ཚབ་གྲོས་ཚོགས་འཐུས་མི་རྣམས་ཡིན། གྲོས་ཚོགས་ཀྱིས་མང་མོས་འོས་འདེམས་ཀྱི་གྲུབ་འབྲས་ལ་ཐག་གཅོད་ཇི་ལྟར་བྱས་ཀྱང་ང་ཚོས་དེ་ལུགས་ཀྱིས་ལག་ལེན་བསྟར་རྒྱུ་ཡིན། ད་ནས་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་མ་ཐོས་མ་མཐོང་གི་རྟུལ་ཞུགས་འཆང་ན་འགྲིག་ཐབས་མེད་ཅེས་བཤད། སི་པེན་གྱི་སྲིད་བློན་གྱིས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ཟེར་པ་ནི་དམངས་གཙོར་ཁྱད་གསོད་ཅིག་ཡིན། ད་ལྟའི་དུས་ཚོད་འདིར་ངས་ཚིག་ཐག་ཆོད་པོའི་སྒོ་ནས་ཁེ་ཊི་ལོ་ཎི་ཡར་མང་མོས་འོས་འདེམས་བྱུང་མེད་ཅེས་བཤད་ཐུབ། ཁོ་ཚོས་མང་མོས་འོས་འདེམས་ཟེར་པ་ཞིག་བྱས་པ་ཁྲིམས་འགལ་ཡིན་ཞེས་དགག་པ་བརྒྱབ། སི་པེན་གྱི་ཁྲིམས་འཛིན་བློན་ཆེན་གྱིས་ཁེ་ཊི་ལོ་ཎི་ཡའི་ས་གནས་གཞུང་གིས་རང་བཙན་ཁྱབ་བསྒྲགས་བྱས་ཚེ། ང་ཚོས་སི་པེན་གྱི་རྩ་ཁྲིམས་སུ་འཁོད་པའི་དོན་ཚན་༡༥༥་པའི་རྩ་དོན་གཞི་བཟུང་ལྟར་ཁེ་ཊི་ལོ་ཎི་ཡའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་སྟེ། སི་པེན་གྱི་དབུས་གཞུང་གིས་ཁེ་ཊི་ལོ་ཎི་ཡར་ཐད་ཀར་འཛིན་སྐྱོང་བྱ་སྲིད། ང་ཚོས་སི་པེན་མི་དམངས་ཀྱི་གཅིག་སྒྲིལ་ཁ་གཏོར་གཏོང་གི་མེད། ཡིན་ནའང་ས་གནས་གང་ཞིག་གིས་རང་ངོས་ནས་རང་བཙན་གསལ་བསྒྲག་བྱེད་ཆོག་གི་མེད། ང་ཚོས་དེ་ལ་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཞིང་། སང་ཉིན་གཟའ་མིག་དམར་ཉིན་ཁེ་ཊི་ལོ་ཎི་ཡའི་ཚོང་ལས་མཐུན་ཚོགས་༤༠་ལྷག་གིས་ལས་མཚམས་བཞག་སྟེ། ཁོ་ཚོས་སི་པེན་གྱི་ཉེན་རྟོག་པ་ཚོས་ཁེ་ཊི་ལན་མི་མང་གི་རང་དབང་དང་ཐོབ་ཐང་ལ་རྡོག་རྫི་བཏང་བར་ངོ་རྒོལ་བྱ་འཆར་ཡོད་པ་དང་། ཁེ་ཊི་ལོ་ཎི་ཡའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན་མི་མང་འོས་ཤོག་འཕེན་མཁན་༨༤༤་ལ་ཉེན་རྟོག་པས་རྡུང་རྡེག་བཏང་ནས་རྨས་སྐྱོན་ཕོག ཁེ་ཊི་ལན་མི་མང་གིས་རྒོལ་ལན་སློག་ནས་ཉེན་རྟོག་པ་༣༣་ལའང་རྨས་སྐྱོན་ཕོག་འདུག་ཅེས་བཤད་ཡོད་པ་མ་ཟད། ཁེ་ཊི་ལོ་ཎི་ཡའི་ཉེན་རྟོག་པར་སི་པེན་གྱི་དབུས་གཞུང་གིས་ཐད་ཀར་བཀོད་འདོམས་བྱེད་ཀྱི་ཡོད་རུང་། ཁོ་ཚོས་རང་གི་ས་གནས་དེའི་མང་མོས་འོས་འདེམས་ལ་དྲག་གནོན་དང་བཀག་འགོག་ནན་པོ་ཞིག་གཏན་ནས་བྱས་མེད། ཁེ་ཊི་ལན་གྱི་མི་རིགས་མ་ཡིན་པའི་སི་པེན་བ་ཚོས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་དམ་དྲག་ནན་པོ་བྱས་འདུག ཉམས་ཞིབ་པ་ཚོས་སི་པེན་གཞུང་གིས་ངོས་ལེན་མ་བྱས་ཀྱང་ཁེ་ཊི་ལོ་ཎི་ཡའི་མི་དམངས་ཀྱིས་མང་མོས་འོས་འདེམས་བྱས་ཡོད་པ་དང་། ལྷག་པར་དུ་སི་པེན་གྱི་ཉེན་རྟོག་པས་མང་མོས་འོས་འདེམས་དེར་དྲག་གནོན་བྱས་པའི་རྗེས་སུ་ཁེ་ཊི་ལོ་ཎི་ཡའི་འགོ་ཁྲིད་ཚོས་རང་བཙན་ཁྱབ་བསྒྲགས་བྱ་རྒྱུ་སྔར་ལས་ངེས་གཏན་ཆེ་བ་ཡོད། དེར་བརྟེན་སི་པེན་དང་ཁེ་ཊི་ལོ་ཎི་ཡའི་འབྲེལ་བ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་བཤད་དཀའ་བ་དང་། གཟའ་ཟླ་བའི་ཉིན་སི་པེན་གཞུང་གིས་ཡུལ་དེའི་སྲིད་དོན་ཚོགས་པའི་ཁག་གི་འགོ་ཁྲིད་ཚོ་ཛ་དྲག་གི་ཚོགས་འདུར་སྐོང་སྟེ། ཁོ་ཚོས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ལ་བརྡ་ལན་ཇི་ལྟར་སློག་དགོས་མིན་གྲོས་བསྡུར་བྱས་ཡོད་པ་དང་། ཁེ་ཊི་ལོ་ཎི་ཡའི་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༩༠་ལྷག་གིས་རང་གི་ས་གནས་དེ་སི་པེན་གྱི་དབད་སྒྱུར་འོག་ནས་རང་བཙན་བྱ་དགོས་ཞེས་འོས་ཤོག་འཕངས་མོད། ཡིན་ནའང་ཁེ་ཊི་ལོ་ཎི་ཡའི་མི་མང་འོས་ཤོག་འཕེན་ལོ་སོན་པ་བརྒྱ་ཆ་༥༨་གྱིས་འོས་ཤོག་འཕངས་མེད་པས། ཁེ་ཊི་ལོ་ཎི་ཡའི་མི་གྲངས་ས་ཡ་༥་དང་ཕྱེད་ཀ་མ་ཟིན་གྱི་ཁོངས་ནས་མི་གྲངས་ས་ཡ་༢་དང་འབུམ་༣་ལས་འོས་ཤོག་འཕེན་མཁན་བྱུང་མེད། དེས་ན་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ཚད་ལྡན་གྱི་མང་མོས་འོས་འདེམས་ཤིག་ལ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། རྒྱལ་སྤྱིའི་མང་མོས་འོས་འདེམས་ཁག་ལ་མ་མཐའ་ཡང་འོས་འདེམས་བྱ་ཡུལ་དེའི་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༠་ཐམས་པས་འོས་ཤོག་འཕངས་ཏེ། དེ་ནས་འོས་འདེབས་ཀྱི་གྲུབ་འབྲས་ལྟར་ས་གནས་དེར་རང་བཙན་དང་རང་སྐྱོང་གི་ཐོབ་ཐང་ཅི་ཞིག་རྩོད་ཀྱི་ཡོད་པ་ཐག་གཅོད་བྱ་དགོས།། Catalan Referendum: Catalonia has won right to Statehood ༄༅།། ཡུ་རོབ་རྒྱལ་ཁབ་སི་པེན་གྱི་མངའ་འོག་ཏུ་ཡོད་པའི་ཁེ་ཊི་ལོ་ཎི་ཡར་རང་བཙན་གྱི་མང་མོས་འོས་འདེམས་བྱས་ཏེ། ཁེ་ཊི་ལོ་ཎི་ཡའི་འགོ་ཁྲིད་བྷུ་ཇི་དྷ་མུན་གྱིས་རང་གི་མངའ་དེར་རང་བཙན་བྱ་ཆོག་པའི་ཐོབ་ཐང་ཡོད། ཁེ་ཊི་ལན་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༢་དང་གྲངས་ཆུང་༣་ཡས་མས་ཤིག་གིས་རང་བཙན་གྱི་མང་མོས་འོས་འདེམས་ལ་འོས་ཤོག་འཕངས་ཡོད་པ་དང་། གཟའ་ཉི་མའི་མང་མོས་འོས་འདེམས་ལ་ཁེ་ཊི་ལོ་ཎི་ཡར་མི་མང་འོས་ཤོག་འཕེན་ལོ་སོན་པ་ས་ཡ་༥་དང་འབུམ་༣་ཡོད་པ་དེའི་ཁོངས་ནས་མི་གྲངས་ས་ཡ་༢་དང་འབུམ་༣་ཡས་མས་ཤིག་འོས་ཤོག་འཕངས་ཡོད། སི་པེ་གྱི་ཉེན་རྟོག་པ་ཚོས་མང་མོས་འོས་འདེམས་ལ་བཀག་འགོག་བྱས་པའམ། ཡང་ན་འོས་སྒམ་བཙན་འཕྲོག་བྱས་པའི་སྟབས་ཀྱིས་འོས་ཤོག་འབུམ་༧་དང་ཁྲི་ཚོ་༥་གྲངས་ཀ་ཐེབས་ཀྱི་མི་འདུག་ཅེས་བཤད་ཡོད་ཅིང་། སི་པེན་གྱི་ཆེས་མཐོ་ཁྲིམས་ཁང་གིས་ཁེ་ཊི་ལོ་ཎི་ཡར་རང་བཙན་གྱི་མང་མོས་འོས་འདེམས་བྱ་ཆོག་པའི་ཐོབ་ཐང་མེད་ཅེས་བཀའ་བཏང་ཡོད་པ་དང་། སི་པེ་གཞུང་གིས་ཁེ་ཊི་ལོ་ཎི་ཡར་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་པ་ཕྱིར་བསྡུ་བྱ་སྲིད་ཅེས་ཉེན་བརྡ་བཏང་སྟེ། རྒྱལ་ཁབ་དེའི་ཉེན་རྟོག་པ་ཚོས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ལ་ཞུགས་པའི་མི་གྲངས་༩༠༠་ལྷག་ལ་རྡུང་རྡེག་དྲག་པོ་བཏང་ནས་རྨས་སྐྱོན་ཕོག ད་དུང་མང་མོས་འོས་འདེམས་ཀྱི་འོས་ཤོག་འཕེན་ས་ཁག་ཅིག་སྒོ་བརྒྱབ་པ་དང་། འོས་སྒམ་མང་པོ་ཞིག་ཉེན་རྟོག་པས་བཙན་འཕྲོག་བྱས་པའི་གནས་ཚུལ་ཐོན་འདུག ཁེ་ཊི་ལོ་ཎི་ཡའི་འགོ་ཁྲིད་བྷུ་ཇི་དྷ་མུན་གྱིས་ཁེ་ཊི་ལན་མི་དམངས་ཀྱིས་གཉའ་གནོན་མྱངས་ཀྱང་གཟའ་མཇུག་འདིར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མང་མོས་འོས་འདེམས་བྱས་ཡོད། ད་ལྟ་ཁེ་ཊི་ལོ་ཎི་ཡར་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་རང་བཙན་བྱ་ཆོག་པའི་ཐོབ་ཐང་ཡོད། ཉིན་ཤས་རྗེས་སུ་ངའི་སྲིད་གཞུང་གིས་མང་མོས་འོས་འདེམས་ཀྱི་གྲུབ་འབྲས་རྣམས་ཁེ་ཊི་ལོ་ཎི་ཡའི་གྲོས་ཚོགས་ལ་འབུལ་ལམ་ཞུས་ཏེ། ཁེ་ཊི་ལོ་ཎི་ཡའི་བདག་དབང་འཛིན་མཁན་མི་དམངས་ཀྱི་འཐུས་ཚབ་གྲོས་ཚོགས་འཐུས་མི་རྣམས་ཡིན། གྲོས་ཚོགས་ཀྱིས་མང་མོས་འོས་འདེམས་ཀྱི་གྲུབ་འབྲས་ལ་ཐག་གཅོད་ཇི་ལྟར་བྱས་ཀྱང་ང་ཚོས་དེ་ལུགས་ཀྱིས་ལག་ལེན་བསྟར་རྒྱུ་ཡིན། ད་ནས་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་མ་ཐོས་མ་མཐོང་གི་རྟུལ་ཞུགས་འཆང་ནས་བསྡད་ན་འགྲིག་ཐབས་མེད་ཅེས་བཤད། སི་པེན་གྱི་སྲིད་བློན་གྱིས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ཟེར་པ་ནི་དམངས་གཙོར་ཁྱད་གསོད་ཅིག་ཡིན། ད་ལྟའི་དུས་ཚོད་འདིར་ངས་ཚིག་ཐག་ཆོད་པོའི་སྒོ་ནས་ཁེ་ཊི་ལོ་ཎི་ཡར་མང་མོས་འོས་འདེམས་བྱུང་མེད་ཅེས་བཤད་ཐུབ། ཁོ་ཚོས་མང་མོས་འོས་འདེམས་ཟེར་པ་ཞིག་བྱས་པ་ཁྲིམས་འགལ་ཡིན་ཞེས་དགག་པ་བརྒྱབ། སི་པེན་གྱི་ཁྲིམས་འཛིན་བློན་ཆེན་གྱིས་ཁེ་ཊི་ལོ་ཎི་ཡའི་ས་གནས་གཞུང་གིས་རང་བཙན་ཁྱབ་བསྒྲགས་བྱས་ཚེ། ང་ཚོས་སི་པེན་གྱི་རྩ་ཁྲིམས་སུ་འཁོད་པའི་དོན་ཚན་༡༥༥་པའི་རྩ་དོན་གཞི་བཟུང་ལྟར་ཁེ་ཊི་ལོ་ཎི་ཡའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་སྟེ། སི་པེན་གྱི་དབུས་གཞུང་གིས་ཁེ་ཊི་ལོ་ཎི་ཡར་ཐད་ཀར་འཛིན་སྐྱོང་བྱ་སྲིད། ང་ཚོས་སི་པེན་མི་དམངས་ཀྱི་གཅིག་སྒྲིལ་ཁ་གཏོར་གཏོང་གི་མེད། ཡིན་ནའང་ས་གནས་གང་ཞིག་གིས་རང་ངོས་ནས་རང་བཙན་གསལ་བསྒྲག་བྱེད་ཆོག་གི་མེད། ང་ཚོས་དེ་ལ་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད། སང་ཉིན་གཟའ་མིག་དམར་ཉིན་ཁེ་ཊི་ལོ་ཎི་ཡའི་ཚོང་ལས་མཐུན་ཚོགས་༤༠་ལྷག་གིས་ལས་མཚམས་བཞག་སྟེ། ཁོ་ཚོས་སི་པེན་གྱི་ཉེན་རྟོག་པ་ཚོས་ཁེ་ཊི་ལན་མི་མང་གི་རང་དབང་དང་ཐོབ་ཐང་ལ་རྫོག་རྫི་བཏང་བར་ངོ་རྒོལ་བྱ་འཆར་ཡོད་པ་དང་། ཁེ་ཊི་ལོ་ཎི་ཡའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན་མི་མང་འོས་ཤོག་འཕེན་མཁན་༨༤༤་ལ་ཉེན་རྟོག་པས་རྡུང་རྡེག་བཏང་ནས་རྨས་སྐྱོན་ཕོག ཁེ་ཊི་ལན་མི་མང་གིས་རྒོལ་ལན་སློག་ནས་ཉེན་རྟོག་པ་༣༣་ལའང་རྨས་སྐྱོན་ཕོག་འདུག་ཅེས་བཤད་ཡོད་པ་མ་ཟད། ཁེ་ཊི་ལོ་ཎི་ཡའི་ཉེན་རྟོག་པར་སི་པེན་གྱི་དབུས་གཞུང་གིས་ཐད་ཀར་བཀོད་འདོམས་བྱེད་ཀྱི་ཡོད་རུང་། ཁོ་ཚོས་རང་གི་ས་གནས་དེའི་མང་མོས་འོས་འདེམས་ལ་དྲག་གནོན་དང་བཀག་འགོག་ནན་པོ་ཞིག་གཏན་ནས་བྱས་མེད། ཁེ་ཊི་ལན་གྱི་མི་རིགས་མ་ཡིན་པའི་སི་པེན་བ་ཚོས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་དམ་དྲག་ནན་པོ་བྱས་འདུག ཉམས་ཞིབ་པ་ཚོས་སི་པེན་གཞུང་གིས་ངོས་ལེན་མ་བྱས་ཀྱང་ཁེ་ཊི་ལོ་ཎི་ཡའི་མི་དམངས་ཀྱིས་མང་མོས་འོས་འདེམས་བྱས་ཡོད་པ་དང་། ལྷག་པར་དུ་སི་པེན་གྱི་ཉེན་རྟོག་པས་མང་མོས་འོས་འདེམས་དེར་དྲག་གནོན་བྱས་པའི་རྗེས་སུ་ཁེ་ཊི་ལོ་ཎི་ཡའི་འགོ་ཁྲིད་ཚོས་རང་བཙན་ཁྱབ་བསྒྲགས་བྱ་རྒྱུ་སྔར་ལས་ངེས་གཏན་ཆེ་བ་ཡོད། དེར་བརྟེན་སི་པེན་དང་ཁེ་ཊི་ལོ་ཎི་ཡའི་འབྲེལ་བ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་བཤད་དཀའ་བ་དང་། གཟའ་ཟླ་བའི་ཉིན་སི་པེན་གཞུང་གིས་ཡུལ་དེའི་སྲིད་དོན་ཚོགས་པའི་ཁག་གི་འགོ་ཁྲིད་ཚོ་ཛ་དྲག་གི་ཚོགས་འདུར་སྐོང་སྟེ། ཁོ་ཚོས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ལ་བརྡ་ལན་ཇི་ལྟར་སློག་དགོས་མིན་གྲོས་བསྡུར་བྱས་ཡོད་པ་དང་། ཁེ་ཊི་ལོ་ཎི་ཡའི་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༩༠་ལྷག་གིས་རང་གི་ས་གནས་དེ་སི་པེན་གྱི་དབད་སྒྱུར་འོག་ནས་རང་བཙན་བྱ་དགོས་ཞེས་འོས་ཤོག་འཕངས་མོད། ཡིན་ནའང་ཁེ་ཊི་ལོ་ཎི་ཡའི་མི་མང་འོས་ཤོག་འཕེན་ལོ་སོན་པ་བརྒྱ་ཆ་༥༨་གྱིས་འོས་ཤོག་འཕངས་མེད་པས། ཁེ་ཊི་ལོ་ཎི་ཡའི་མི་གྲངས་ས་ཡ་༥་དང་ཕྱེད་ཀ་མ་ཟིན་གྱི་ཁོངས་ནས་མི་གྲངས་ས་ཡ་༢་དང་འབུམ་༣་ལས་འོས་ཤོག་འཕེན་མཁན་བྱུང་མེད། དེས་ན་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ཚད་ལྡན་གྱི་མང་མོས་འོས་འདེམས་ཤིག་ལ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། རྒྱལ་སྤྱིའི་མང་མོས་འོས་འདེམས་ཁག་ལ་མ་མཐའ་ཡང་འོས་འདེམས་བྱ་ཡུལ་དེའི་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༠་ཐམས་པས་འོས་ཤོག་འཕངས་ཏེ། དེ་ནས་འོས་འདེབས་ཀྱི་གྲུབ་འབྲས་ལྟར་ས་གནས་དེར་རང་བཙན་དང་རང་སྐྱོང་གི་ཐོབ་ཐང་ཅི་ཞིག་རྩོད་ཀྱི་ཡོད་པ་ཐག་གཅོད་བྱ་དགོས།།

XS
SM
MD
LG