ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཁ་ཆེའི་གསུང་རབ་དང་ཕྱག་གདན་གཞུང་བཞེས།


༄༅།། ཞིན་ཅང་གི་ཁ་ཤི་གྷར་དང་ཧོ་ཏན། ཞིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གི་གྲོང་ཚོ་རིམ་པ་དང་ཡུལ་ཚོ་རིམ་པ། ཐ་ན་རྫོང་ཁག་རིམ་པའི་ཡུ་གུར་པའི་མི་མང་གི་ལག་ནས་ཁ་ཆེའི་གསུང་རབ་ཀོ་རན་དང་ཁ་ཆེ་ཚོར་ཕྱག་འཚལ་དུ་དགོས་པའི་འདིང་བ་རྣམས་གཞུང་བཞེས་གཏོང་རྒྱུ་འགོ་བཙུགས་ཏེ། ཁ་ཆེའི་ཁྱིམ་ཚང་ཁག་གིས་ཆོས་ལུགས་ལ་འབྲེལ་བ་ཡོད་པའི་མཆོད་རྫས་རྣམས་རང་མོས་ཀྱིས་སྒོ་ནས་སྲིད་གཞུང་ལ་རྩིས་སྤྲོད་བྱ་དགོས་པ་དང་། གལ་སྲིད་ཁྱིམ་ཚང་གང་ཞིག་གིས་ཀོ་རན་གསུང་རབ་དང་ཕྱག་གདན་སོགས་སྲིད་གཞུང་ལ་རྩིས་སྤྲོད་མ་བྱས་པར་ལྐོག་ཉར་བྱེད་ཡོད་པ་རྣམས་རྩད་གཅོད་ཐུབ་ཚེ། རྒྱ་ནག་གཞུང་གིས་ཁྱིམ་ཚང་དེའི་བཟའ་མི་ཚོར་ཁྲིམས་གཅོད་དྲག་པོ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་ཅིང་། རྒྱ་ནག་གཞུང་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་སྐད་འཕྲིན་བརྒྱུད་ནས་སྲིད་གཞུང་གི་བཀའ་རྒྱ་མི་དམངས་ལ་ཁྱབ་བསྒྲགས་བྱས་འདུག དེ་ཡང་ཕྱི་ཟླ་༩་ཚེས་༢༩་ཉིན་འཛམ་གླིང་གི་ཡུ་གུར་རྒྱལ་ཡོངས་ཚོགས་པའི་མགྲིན་ཚབ་པ་ར་ཤི་ཐེས་ཨེ་ཤི་ཡའི་རང་དབང་རང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་བརྗོད་དོན། རྒྱ་ནག་གཞུང་གིས་གོང་གི་སྲིད་ཇུས་དེ་བདུན་ཕྲག་སྔོན་མ་ནས་ལག་ལེན་བསྟར་རྒྱུ་འགོ་ཚུགས་ཡོད་པ་དང་། སྔ་ལོ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པའི་ཁྱིམ་ཚང་ཁག་གིས་ཁ་ཆེའི་ཆོས་ལུགས་ཀྱི་དཔེ་དེབ་ཁག་དང་ཆོས་ལུགས་ཀྱི་སྒྲ་འཇུག་འཁོར་ཐག ཆོས་ལུགས་ཀྱི་སྒྲ་དབྱངས་རྣམས་གཞུང་བཞེས་བཏང་རུང་དེ་ལ་གྲུབ་འབྲས་ཐོན་མེད། དེར་བརྟེན་༢༠༡༧་འདིར་རྒྱ་ནག་གཞུང་གིས་ཁ་ཆེའི་གསུང་རབ་ཀོ་རན་དང་ཕྱག་གདན་རྣམས་སྲིད་གཞུང་ལ་རྩིས་སྤྲོད་བྱ་དགོས་ཟེར་གྱི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེར་གྲུབ་འབྲས་ཐོན་ཐུབ་རྒྱུ་ཁག་པོ་ཡིན་ཞེས་བཤད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG