ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྲིད་འཛིན་གཞོན་པས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྐྱོན་བརྗོད།


ཨ་རིའི་སྲིད་འཛིན་སྐུ་གཞོན་གྱིས་གཟའ་ལྷག་པའི་ཉིན་མོ་ནེའུ་ཡོག་གྲོང་ཁྱེར་ནང་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇག་ལྷན་ཚོགས་ལ་གཏམ་བཤད་གནང་བའི་སྐབས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ལྷན་ཚོགས་དེའི་ཚོགས་མིའི་རྒྱལ་ཁབ་མང་ཆེ་བ་ཞིག་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུའི་གཞི་རྩའི་ཆ་རྐྱེན་ཡང་ཚང་གི་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་མང་པོ་ཞིག་ལྷན་ཚོགས་དེའི་ནང་ཡོད་པ་སོགས་མིང་དོན་མཚུངས་པ་ཞིག་མིན་པས་ཚོགས་མིའི་གྲུབ་ཆ་དང་ལས་དོན་བྱེད་ཕྱོགས་ལ་འགྱུར་བཅོས་དགོས་ཅེས་གསུང་ཡོད་པ་རེད།

XS
SM
MD
LG