ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གཞུང་ནས་རང་བཙན་སྐོར་བཤད་རྒྱུར་བཀག་འགོག


ཧོང་ཀོང་གི་དམིགས་གསལ་སྲིད་གཞུང་གི་གཞུང་འཛིན་འགོ་ཁྲིད་ཚོས་ཧོང་ཀོང་རང་བཙན་སྐོར་གྱི་གཏམ་བཤད་དང་ལས་འགུལ་ཁག་འཕྲལ་དུ་མཚམས་འཇོག་དགོས་ཅེས་གཟའ་མིག་དམར་ཉིན་མོ་ཉེན་བརྡ་བཏང་བ་དང་ལས་འགུལ་དེ་དག་ནི་རྒྱ་ནག་དབུས་དམར་ཤོག་གཞུང་གི་འགོ་ཁྲིད་དང་ཧོང་ཀོང་ས་གནས་ཀྱི་འབྲེལ་ལམ་ལ་གནོད་གཞི་ཞིག་རེད་ཅེས་བརྗོད་པ་རེད། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་རང་བཙན་གྱི་སྦྱར་ཡིག་སྦྱར་བ་སོགས་ཀྱི་གནས་ཚུལ་བྱུང་རྗེས་ ཧོང་གཞུང་གི་གཞུང་འཛིན་སྤྱི་ཁྱབ་ཀྱིས་སྲིད་གཞུང་ནས་སློབ་ཕྲུག་གི་ལས་འགུལ་ལ་འཐེ་ཇུས་བྱ་རྒྱུ་མིན་ལུགས་བརྗོད་པ་དང་དུས་མཚུངས་རང་བཙན་གྱི་ལས་འགུལ་དེ་ཚོ་ནི་སྒྲིག་འཛུགས་བྱས་པ་དང་དམིགས་ཡུལ་ལྡན་པ་ཞིག་ཡིན་པས་གཏམ་བརྗོད་རང་དབང་གཅིག་པུའི་གནད་དོན་ཞིག་མ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG