ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་ཚོར་གློང་མོལ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ལྷག་པའི་ཉིན་ཇར་མན་ནིའི་གྲོང་ཁྱེར་ཕྷི་རནྐ་ཕརྜ་ནང་སློབ་ཕྲུག་ཚོར་བཀའ་སློབ་གནང་བའི་ནང་དུས་རབས་ཉེར་གཅིག་པ་དེ་ཞི་བའི་དུས་རབས་གཅིག་འགྱུར་ཐབས་ལ་མི་རབས་གསར་པ་ཚོར་འགན་ཁུར་ཡོད་པ་དང་། ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་དེ་ཕྱི་དངོས་པའི་བདེ་སྐྱིད་བསྐྲུན་ཐབས་ཁོ་ན་མིན་པར་ནང་སེམས་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུར་ཤེས་ཡོན་སློབ་གསོ་སྤྲོད་དགོས་པ་གལ་ཆེ་བའི་བཀའ་སློབ་གནང་འདུག་པ་དང་། བཀའ་སློབ་གསུང་བཤད་དེར་གྲོང་ཁྱེར་དེའི་སློབ་གྲ་དྲུག་ཅུ་ལྷག་གི་སློབ་ཕྲུག་ཆིག་སྟོང་ལྔ་བརྒྱ་ཙམ་འདུ་འཛོམས་བྱས་ཡོད་པ་རེད། ཡང་ཉིན་རྒྱབ་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྷི་རནྐ་ཕརྜ་གྲོང་ཁྱེར་ནང་གོ་ལའི་བཟང་སྤྱོད་དང་ཐོུང་གི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གནང་འདུག

XS
SM
MD
LG