ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ཚོར་བ་སྐྱེན་པོའི་གནས་ཚུལ་བོད་དོན་ཡིན།


རྒྱ་ནག་གཞུང་གིས་རྒྱལ་ཁབ་དེའི་ཚོར་བ་སྐྱེན་པོའི་གནས་ཚུལ་ཁག་ཅིག་དབྱིན་ཡུལ་གྱི་ཁེམ་བྷི་རི་ཇཱི་སློབ་ཆེན་ལ་འགྲེམ་སྤེལ་མི་བྱེད་པའི་འབོད་སྐུལ་ཞུས་པའི་གྲས་ཀྱི་མང་ཤོས་ཤིག་བོད་ལ་འབྲེལ་བའི་གནས་ཚུལ་ཡིན་ཞིང་། སློབ་ཆེན་དེའི་ཨེ་ཤི་ཡའི་ཞིབ་མཇུག་གསར་དེབ་ཀྱི་ནང་དུ་འགོག་དགོས་ཞེས་རྒྱ་ནག་གིས་དགོས་འདུན་བཏོན་པ་མང་ཤོས་བོད་དང་རིག་གནས་གསར་བརྗེའི་སྐོར་ཡིན་པ་སྟེ། བོད་ཀྱི་སྐོར་ལ་དེབ་༣༠་དང་རིག་གནས་གསར་བརྗེའི་སྐོར་ལ་དེབ་༣༠་ཐམ་པ། ཐེ་ཝན་གྱི་སྐོར་ལ་དེབ་༧་དང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དྲུག་བཞིའི་ལས་འགུལ་ལ་འབྲེལ་བ་ཡོད་པའི་དེབ་༧་ཡོད་པ་མ་ཟད། ལིའུ་ཞའོ་པོ་ལ་འབྲེལ་བ་ཡོད་པའི་དེབ་༣་བཅས་ཚུད་ཡོད་ཅིང་། ཐོག་མར་ཁེམ་བྷི་རི་ཇཱི་སློབ་ཆེན་གྱི་གལ་ཆེའི་ཨེ་ཤི་ཡའི་དཔྱད་ཞིབ་དུས་དེབ་དང་། རྒྱ་ནག་གི་བཞི་ཆའི་དུས་དེབ་གཉིས་ཀྱིས་གནས་ཚུལ་དེ་རྣམས་དྲ་ལམ་དུ་བཀོག་ཡོད་པར་བརྟེན། སློབ་ཆེན་དེར་སྐྱོན་བརྗོད་ཆེན་པོ་ཕོག་རྗེས་སུ་སླར་ཡང་ཞིབ་འཇུག་གི་རྒྱུ་ཆ་དེ་རྣམས་དྲ་ཐོག་ལ་པར་སྐྲུན་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG