ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོང་ཁྱེར་སི་ཨ་ཊལ་ནང་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་ཡོད་པ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ ཕྱི་ཟླ་༨པའི་ཚེས་༢༥ལྔའི་ཉིན་ནས་དབུ་འཛུགས་ཀྱིས་ཨ་མི་རི་ཀའི་ནུབ་རྒྱུད་ས་ཁུལ་ཁག་ཅིག་ལ་གཞུང་དོན་འཚམས་འདྲིར་ཕེབས་ཏེ་ ད་ལྟ་ཁུལ་དེར་མཛད་དོན་སྐྱངས་དང་སྐྱོང་བཞིན་པ་ཡིན་ཞིང་ ཚེས་༢༦ཉིན་ སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་མངའ་སྡེ་ཝ་ཤིང་ཊོན་གྱི་གྲོང་ཁྱེར་སི་ཨཱ་ཊལ་གྱི་ནང་ བོད་ཀྱི་དུས་སྟོན་ཐེངས་༢༢པ་དེ་དབུ་འབྱེད་མཛད་པ་དང་ ཁུལ་དེར་གནས་འཁོད་བོད་མི་དང་ དེའི་ཉེ་འཁོར་ཨོ་རི་གྷན་མངའ་སྡེའི་གྲོང་ཁྱེར་པོཌ་ལེནྜི་ནང་གནས་འཁོད་བོད་མི་བཅས་ལ་གསུང་བཤད་གནང་ཡོད་འདུག དེ་དག་སྒྲུབས་པའི་རྗེས་མངའ་སྡེ་ཀེ་ལི་ཕོར་ནིཡེའི་གྲོང་ཁྱེར་སེན་ཕྷི་རན་སིས་ཀོར་ཕེབས་ཏེ་ད་ལྟ་དེ་གར་མཛད་དོན་སྐྱངས་བཞིན་ཡོད་པའི་སྐོར་ བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ཟུང་དྲུང་ཚེ་རིང་བཀྲིས་ལགས་སུ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG