ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

༢༠༡༧ ལོའི་དགེ་ལྡན་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་གནང་བཞིན་ཡོད་པ།


༢༠༡༧ ལོའི་དགེ་ལྡན་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དཔལ་ལྡན་འབྲས་སྤུངས་སུ་གདན་སའི་གྲྭ་ཚང་དྲུག་དང་། བཀྲིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ནས་ཕེབས་པའི་སློབ་གཉེར་བ་༧༥༠ ཙམ་གྱིས་ཁ་ས་ཕྱི་ཟླ་༨པའི་ཚེས་༢༦ནས་བཟུང་སྟེ་དགེ་ལུགས་པའི་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་། རྒྱུགས་སྤྲོད་འདིའི་ནང་དགེ་འདུན་པ་ཚོས་གཞུང་ཆེན་བཀའ་པོད་ལྔ་དང་ཐུན་མོང་གི་རིག་གནས་བཅས་ཀྱི་རྩོད་རྒྱུགས་དང་བྲིས་རྒྱུགས་གནང་འགོ་བཙུགས་ཡོད་པ་དང་། དགེ་ལུགས་པའི་རྒྱུགས་སྤྲོད་ལྷན་ཁང་གི་དོ་དམ་པ་གསུམ་གྱིས་རྒྱུགས་སྤྲོད་ཀྱི་གོ་སྒྲིག་རྐང་བཞེས་གནང་གི་ཡོད་པའི་ཐོག་དགེ་བཤེས་བཅུས་བྲིས་རྒྱུགས་ཀྱི་ཐོག་ལ་གཟིགས་རྟོག་དང་དོ་དམ་གནང་གི་ཡོད་འདུག

XS
SM
MD
LG