ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༢༡

བྱང་ཀོ་རི་ཡའི་འཕུར་མདེལ་རྒྱ་ནག་གི་ཉེན་ཀར་གྱུར་པ།


རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་བྱང་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་བ་ནི་ཁ་དང་སོ་ལྟ་བུ་དང་། མིའི་ཚེ་སྲོག་དང་ཁྲག་གིས་འགྲོ་གྲོན་བཏང་ནས་ཚུགས་པའི་འབྲེལ་བ་ཞིག་ཡིན། པེ་ཅིང་དང་ཕིང་དབྱང་གི་འབྲེལ་བར་སུ་གཅིག་གིས་ཀྱང་འགལ་ཟླ་སློང་མི་ཐུབ་ཅེས་འགྲེལ་བཤད་བརྒྱབ་མྱོང་ཡོད་ཅིང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་སོང་སྟེ། ༢༠༡༡་ལོར་ཀིམ་ཇུང་ཨུན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གིས་ཀིམ་ཇུང་ཨུན་པེ་ཅིང་ལ་འཚམས་འདྲིར་ཕེབས་དགོས་ཞེས་གདན་འདྲེན་ཞུས་མེད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཡང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་མེད། ད་དུང་ཀིམ་ཇུང་ཨུན་གྱིས་རང་གི་ཨ་ནེའི་ཁྱོ་ག་སྟེ། རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཡོད་པའི་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཅང་སུང་ཐེཀ་ལ་སྲོག་ཁྲིམས་བཅད་ནས་བསད་ཡོད། ལོ་འདིའི་ཕྱི་ཟླ་༤་ནང་བྱང་ཀོ་རི་ཡའི་སོ་མྱུལ་ཚོས་མི་བཏང་སྟེ། མ་ལེ་ཤི་ཡའི་རྒྱལ་སྤྱིའི་གནམ་ཐང་དུ་ཀིམ་ཇུང་ཨུན་གྱི་ཕ་གཅིག་པའི་ཕུ་བོ་སྟེ། རྒྱ་ནག་གི་པེ་ཅིང་དང་ཨོ་མེན་དམིགས་བསལ་ས་ཁུལ་དུ་ལོ་མང་རིང་གཏན་སྡོད་བྱེད་བཞིན་པའི་ཀིམ་ཇུང་ནམ་གྱི་གདོང་པར་དུག་རླངས་བྱུག་ནས་བསད་པ་དང་། ཀིམ་ཇུང་ཨུན་ལ་རྒྱ་ནག་གཞུང་དང་ཕུ་བོ་ཀིམ་ཇུང་ནམ། ཞང་པོ་ཅང་སུང་ཐེཀ་རྣམས་ཁ་མཐུན་གྱིས་ཀིམ་ཇུང་ཨུན་དང་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་འཆར་ཡོད་པའི་དོགས་པ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG