ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟླ་བ་འདིའི་ཚེས་༡༦ཉིན་མོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཌོམ་སྲིད་གཞུང་ནས་རྒྱ་གར་གྱི་མངའ་འོག་ཀཱ་ཤི་མཱིར་ནང་དུ་པ་ཀི་སི་ཐན་ལ་རྒྱབ་སྐྱོར་དང་རྒྱ་གར་ལ་ཁ་གཏད་ཀྱིས་དྲག་སྤྱོད་ལས་འགུལ་སྤེལ་མཁན་ཧེ་ཛི་བྷུ་མུ་ཇར་ཧེ་དི་ཚོགས་པ་དེ་ཕྱི་རྒྱལ་གྱི་འཇིགས་སྐུལ་ཚོགས་པ་ཞེས་མིང་འདོན་གནང་ཡོད་པས་ དེ་ནི་རྒྱ་གར་གྱི་ཕྱི་འབྲེལ་ཐོག་ནས་རྒྱལ་ཁ་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གཞུང་གིས་དུས་ཡུན་རིང་པོ་ཞིག་ནས་པ་ཀི་སི་ཐན་ནང་དུ་རྟེན་གཞི་བྱས་པའི་ཚོགས་པ་དེས་ས་མཚམས་བརྒལ་ནས་ཇར་མུ་དང་ཀཱ་ཤི་མཱིར་ནང་དུ་དྲག་སྤྱོད་ལས་འགུལ་ཤུགས་ཆེ་སྤེལ་མཁན་གྱི་འཇིགས་སྐུལ་ཚོགས་པ་ཞིག་ཡིན་པའི་སྐྱོན་བརྗོད་གནང་གི་ཡོད་ནའང་པཱ་ཀི་སི་ཐན་གཞུང་ནས་ངོས་ལེན་མ་གནང་བར་ཚོགས་པ་དེ་ནི་ས་གནས་ཡུལ་མིའི་ཆབ་སྲིད་དང་སྲིད་དོན་གྱི་ཁྲིམས་མཐུན་ཚོགས་པ་ཞིག་ཡིན་ཞེས་གསུང་གི་ཡོད་པ་རེད།

XS
SM
MD
LG