ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གི་བཀའ་ཁྱབ་འོག་ཏུ་འགྲོ་བཞིན་པའི་ཧོང་ཀོང་ས་གནས་སྲིད་གཞུང་གིས་༢༠༡༤་ལོའི་དམངས་གཙོའི་ལས་འགུལ་ལ་དབུ་ཁྲིད་མཁན་གསུམ་ལ་ཟླ་བ་དྲུག་ནས་བརྒྱད་བར་གྱི་བཙོན་འཇུག་གི་ཁྲིམས་གཅོད་བྱས་པའི་རྗེས་སུ་ཧོང་ཀོང་ལ་བསྐྱར་དུ་དམངས་གཙོའི་ལས་འགུལ་གྱི་མེ་ལྕེ་འབར་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་སྲིད་གཞུང་གཉིས་ཀས་ཉི་གདུགས་སེར་པོའི་དམངས་གཙོའི་ལས་འགུལ་གྱི་ཤུགས་རྐྱེན་ཞི་འཇགས་གཏོང་རྒྱུའི་འཆར་གཞི་ལ་རྩིས་ནོར་ཐེབས་པ་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། སློབ་ཕྲུག་གི་འགོ་ཁྲིད་གསུམ་ལ་ཁྲིམས་གཅོད་བྱས་པའི་གནས་ཚུལ་ཐོན་མ་ཐག་ཏུ་ཧོང་ཀོང་བ་༢༢༠༠༠་ཙམ་གཟའ་ཉི་མའི་ཉིན་ངོ་རྒོལ་ལས་འགུལ་དེར་མཉམ་ཞུགས་བྱས་ཏེ། ཐེངས་འདིའི་ངོ་རྒོལ་དེ་༢༠༡༤་ལོའི་རྗེས་ཀྱི་ངོ་རྒོལ་གཞི་རྒྱ་ཆེ་ཤོས་སུ་གྱུར་ཡོད་པ་རེད།།

XS
SM
MD
LG