རྒྱ་ནག་གིས་བཙན་འཇུག་བྱེད་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཅང་ཐ་དབྱུང་གིས་རང་ལ་ཕོག་པའི་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་ངོས་ལེན་ཡོད་ཚུལ་གྱི་བརྙན་པར་ཞིག་ཐོན་ཡོད་ཅིང་། ཁྲིམས་རྩོད་པ་དེའི་ཆུང་མས་རང་གི་ཁྱོ་གས་ངོས་ལེན་བྱས་པ་རེད་ཟེར་པའི་ནག་ཉེས་དེ་བདེན་པ་མིན། རྒྱ་གཞུང་གིས་ཅང་ཐ་དབྱུང་ལ་ཆེད་མངགས་ནག་ཉེས་དེ་འདྲ་ཞིག་བཙན་འགེལ་བྱས་པ་རེད་ཅེས་བརྗོདཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།