ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཌོམ་ནས་ཨ་ཕྷེ་གྷ་ནི་སི་ཐན་གྱི་དམག་དོན་སྲིད་ཇུས་འགྲེལ་བརྗོད་གནང་བ།


སྲིད་འཛིན་ཌོ་ནལ་ཌོམ་གྱིས་དེའི་གོང་དུ་ཨ་ཕྷེ་གྷ་ནི་སི་ཐན་ནང་གི་ཨ་རིའི་དམག་དོན་ལས་དོན་ཁག་ནི་འཕྲོ་བརླག་ཞིག་ཡིན་པ་གསུང་ཡོད་ནའང་ད་ཆ་ཁོང་ནས་ཨ་ཕྷེ་གྷ་ནི་སི་ཐན་ནང་གི་དམག་དོན་ལས་འགུལ་ཁག་ནི་ཨ་རིའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པར་ཡིད་ཆེས་གནང་གི་ཡོད་པའི་སྐོར་གཟའ་ཟླ་བའི་ཉིན་མོ་རྒྱལ་ས་ཝ་ཤིན་ཌོན་ཉེ་འཁོར་གྱི་དམག་མིའི་ལས་ཁུངས་ཤིག་ལ་དམིགས་གསལ་གསུང་བཤད་སྐབས་སུ་གསལ་བརྗོད་གནང་ཡོད་པ་རེད་ སྲིད་འཛིན་མཆོག་ནས་ལྷོ་ཨེ་ཤི་ཡའི་ནང་གི་ཨ་རིའི་དམག་གྱི་ལས་དོན་ཁག་དེ་སྔའི་ཁས་ལེན་བཞིན་དུ་མུ་མཐུད་དེ་གནས་རྒྱུ་དང་ཨ་ཕྷེ་གྷ་ནི་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཟོ་རྒྱུའི་འཆར་གཞི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།

XS
SM
MD
LG