ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་མི་མཁས་པ་ཞིག་འཛམ་གླིང་གི་ཤེས་ཡོན་ལྷན་ཚོགས་ལ་ཚོགས་ཞུགས་གནང་ཡོད་པ།


World Education Summit 2017 in Delhi (Photo elets)
World Education Summit 2017 in Delhi (Photo elets)

འཛམ་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་སྟེ་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་མགྲོན་ཁང་ཞིག་ཏུ་ ཕྱི་ཟླ་༨པའི་ཚེས་༡༡ནས་༡༢བར་ དུས་ཡུན་ཉིན་གྲངས་གཉིས་ཀྱི་རིང་ ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་ཚོགས་འདུ་ཐེངས་བཅུ་པ་དེ་འཚོགས་ཡོད་པ་དང་ ཚོགས་འདུ་དེར་ཝ་ན་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་ཤེས་ངག་དབང་བསམ་གཏན་ལགས་ཚོགས་ཞུགས་གནང་ཡོད་པ་རེད་ ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་དམིགས་པའི་ཚོགས་འདུ་དེར་རྒྱལ་ཁབ་༣༠སྐོར་ཙམ་ཞིག་གི་ཤེས་ཡོན་དང་འབྲེལ་བའི་མི་སྣ་དང་ རྒྱ་གར་གྱི་དབུས་དང་མངའ་སྡེ་གཞུང་གི་ཤེས་ཡོན་དང་འབྲེལ་བའི་མི་སྣ་བཅས་མང་པོ་ཞིག་ཚོགས་ཞུགས་གནང་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG