ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྷོ་ཛི་ཝ་ནཱ་གཞུང་གིས་༧གོང་ས་མཆོག་གདན་ཞུ་བྱ་རྒྱུར་གྲ་གྲིག་བྱེད་ཀྱི་ཡོད་པ།



རྒྱ་ནག་གཞུང་གིས་ཉེན་བརྡ་ཤུགས་ཆེན་པོ་གཏོང་གི་ཡོད་པར་མ་ལྟོས་པར་ ཨ་ཕྷི་རི་ཀའི་ལྷོ་ཕྱོགས་ཡུལ་གྲུ་བྷོ་ཛི་ཝ་ནཱ་གཞུང་གིས་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཟླ་བ་རྗེས་མ་ཡུལ་དེར་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པར་དགའ་བསུ་ཡོད་ཅེས་བརྗོད་ཀྱི་ཡོད་པ་མ་ཟད་

སྐབས་དེར་སྲིད་འཛིན་ཨི་ཨེན་ ཀཱ་མ་ཡིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱང་གནང་སྲིད་ཀྱི་རེད་ཅེས་བརྗོད་ཀྱི་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ལྷོ་ཨ་ཕྷི་རི་ཀ་ནས་སྤེལ་བའི་གནས་ཚུལ་དེ་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG