ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཁུལ་གྱི་ཆིབས་སྒྱུར་ལེགས་པར་གྲུབ་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་ཟླ་བ་གཅིག་ཙམ་གྱི་རིང་ཆོས་འབྲེལ་ཆིབས་སྒྱུར་ལེགས་པར་གྲུབ་ནས་སང་ཉིན་རེས་གཟའ་ལྷག་པའི་ཉིན་དིལླི་གསར་པར་ཆིབས་ཞལ་འགྱུར་རྒྱུ་ཡིན་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དེར་ཟླ་བ་གཅིག་ལྷག་ཙམ་བཞུགས་རྒྱུན་ལ་དྭགས་དང་ཟངས་དཀར་གཉིས་ཀྱི་དགོན་སྡེ་དང་སློབ་གཉེར་ཁང་སོགས་ལ་ཕེབས་ཏེ་ཆོས་འབྲེལ་དང་བཀའ་སློབ་སོགས་གནང་ནས་ས་གནས་མང་ཚོགས་ཀྱི་རེ་འདོད་ཡོངས་སུ་བསྐོང་གནང་མཛད་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG