ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གླིང་མཆོག་སྤྲུལ་རིན་པོ་ཆེས་སོག་པོའི་སྲིད་འཛིན་དང་མཇལ་འཕྲད་གནང་འདུག


སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེས་སོག་པོའི་སྲིད་འཛིན་གསར་པ་སྐུ་ཞབས་ཁ་ཏ་མ་ བྷ་ཏུལ་བ་དང་མཇལ་འཕྲད་གནང་ནས་ཁོང་སྲིད་འཛིན་ལ་འོས་འདེམས་བྱུང་བར་འཚམས་འདྲི་གནང་བ་ཆབས་ཅིག སོག་ཡུལ་ནང་ནང་ཆོས་ཀྱི་སློབ་གཉེར་གོང་སྤེལ་གཏོང་ཕྱོགས་ལ་བཀའ་བསྡུར་གནང་འདུག་དང་། ད་ལམ་གླིང་མཆོག་སྤྲུལ་རིན་པ་ཆེ་སོག་ཡུལ་ལ་ཐེངས་མ་དང་པོ་ཆིབས་སྒྱུར་གནང་སྐབས་སོག་པོའི་གྲོང་གསེབ་དང་འབྲོག་ས་སོགས་ལ་ཆིབས་སྒྱུར་གནང་ནས་མང་ཚོགས་ལ་ཆོས་འབྲེལ་དང་ཆར་ཆུ་དཀོན་པའི་ས་གནས་སུ་རབ་གནས་གནང་འདུག་པ་དང་། རེས་གཟའ་ཟླ་བའི་ཉིན་དགལ་ལྡན་དགོན་པར་མང་ཚོགས་ལ་གསུང་ཆོས་གནང་སྐབས་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེ་བ་དང་། ཆོས་ལ་ཤེས་ནས་དད་པ་བྱེད་ཐུབ་ན་དགེ་མཚན་ཡོད་སྐོར་སོགས་བཀའ་སློབ་གནང་འདུག

XS
SM
MD
LG