ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉེ་ཆར་རང་སྲེག་ངོ་རྒོལ་གནང་མཁན་བཙན་བྱོལ་ནང་གི་བོད་པའི་གཞོན་སྐྱེས་བསྟན་འཛིན་ཆོས་དབྱིངས་ལགས་སྐུ་གྲོངས་པ།


བཙན་བྱོལ་ནང་རང་སྲེག་ངོ་རྒོལ་གནང་མཁན་བོད་པའི་གཞེས་སྐྱེས་བསྟན་འཛིན་ཆོས་དབྱིངས་ལགས་སྤྱི་ཚེས་༢༢ཉིན་གྱི་ཉིན་རྒྱབ་ཆུ་ཚོད་བཞི་དང་སྐར་མ་ལྔ་བཅུའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྨན་ཁང་དུ་འདས་གྲོངས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བསྟན་འཛིན་ཆོས་དབྱིངས་ལགས་ཁོང་ནི་ཝ་ན་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་ཞིག་ཡིན་ཞིང་། སྤྱི་ཟླ་བདུན་པའི་ཚེས་༡༤ཉིན་མཐོ་སློབ་ཁང་དུ་རང་སྲེག་ངོ་རྒོལ་གནང་བ་དང་། ཁོང་གིས་འདི་ལྟར་གནང་དོན་ནི་བོད་རྒྱལ་ཁབ་དང་མི་རིགས། སྐད་ཡིག་གི་ཆེད་དུ་ཡིན་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐུགས་གསོའི་ཡི་གེའི་ནང་འཁོད་འདུག བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་སྲེག་གནང་བའི་རྗེས་བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་གནས་མང་པོའི་ནང་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཤིང་། དེ་བས་ད་རེས་ཚེས་༢༢ཉིན་གྱི་ཉིན་རྒྱབ་འདས་གྲོགས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པའི་རྗེས་དམ་པ་ཁོང་ལ་སྨོན་ལམ་འདེབས་བཞིན་ཡོད་འདུག ཡང་གོང་ཞུས་གནས་ཚུལ་འདིའི་སྐོར་ལ་རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་ལ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG