ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་གིས་ཆོས་ལུགས་ལ་གདོང་ལེན་བྱེད་དགོས་པའི་དཀའ་ངལ་སྐོར་ལ་དཔྱད་རྩོམ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་གི་དུས་སུ་ནང་པ་ཞིག་ཇི་ལྟར་བྱེད་དགོས་ཞེས་པའི་དཔྱད་རྩོམ་ཞིག་བསྩལ་འདུག་པའི་ནང་ད་ལྟའི་འཛམ་གླིང་འདིར་ཆོས་ནས་གསུངས་པའི་ལྟ་གྲུབ་དང་བཟང་སྤྱོད་ཀྱི་རིན་ཐང་ལ་གུས་རྩིས་མེད་པ་དེས་སྤྱི་ཚོགས་ནང་དཀའ་ངལ་བཟོ་ཡི་ཡོད་པ་དང་། དེང་གི་དུས་སུ་ཆོས་ལུགས་ཀྱིས་གདོང་ལེན་བྱེད་དགོས་པའི་རྩ་དོན་གསུམ་ཡོད་པ་ནི་ དམར་པོའི་རིང་ལུགས་དང་། དེང་རབས་ཀྱི་ཚན་རིག དངོས་གཙོ་སྨྲ་བ་དང་བག་མེད་ལོངས་སྤྱོད་ཀྱི་བསམ་བློ་བཅས་གསུམ་རེད་ཅེས་གསུངས་འདུག

XS
SM
MD
LG