ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་སོག་པོའི་སྲིད་འཛིན་ལ་འཚམས་འདྲིའི་བཀའ་ཡིག་བསྩལ་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཁལྚ་མཱ་ བྷ་ཏུལ་ག་ལ་འཚམས་འཕྲིན་བཀའ་ཡིག་གནང་ནས་སོག་པོའི་མི་མང་གི་རེ་བ་དང་མངོན་འདོད་གྲུབ་རྒྱུར་ཐུགས་སྨོན་གནང་གི་ཡོད་ཅེས་གསུངས་འདུག་པ་དང་། གནས་ཆུང་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ད་རིང་སོག་པོའི་སྲིད་འཛིན་གསར་པ་མཇལ་ནས་འཚམས་ཞུ་དང་སྦྲགས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྐུར་གནང་མཛད་པའི་འཚམས་ཞུའི་མཇལ་དར་ཕུལ་འདུག

XS
SM
MD
LG