ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གི་ཡུལ་སྤོར་པ་ཚོས་ཧོང་ཀོང་གི་འཚོ་བར་དྭང་ལེན།


༢༠༡༧་ལོའི་ཕྱི་ཟླ་༧་ཚེས་༡་ཉིན་རྒྱ་ནག་གིས་ཧོང་ཀོང་རྩིས་བླངས་ནས་ལོ་༢༠་འཁོར་པའི་དུས་དྲན་ཡིན་པ་དང་། ཧོང་ཀོང་བ་ཚོས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེར་རྒྱ་ནག་སྐམ་སེ་ཆེན་མོ་ནས་ཡུལ་སྤོར་པ་ས་ཡ་མང་པོ་ལུག་ཡོང་སྟེ། ཧོང་ཀོང་ལ་རང་གི་ཐུན་མོང་མ་ཡིན་པའི་འཚོ་བའི་གོམས་སྲོལ་དང་སྤྱི་ཚོགས་ལམ་ལུགས་ཤིག་དར་ཡོད་པ་མེད་པར་གཏོང་སྲིད་པ་དང་། རྒྱ་ནག་དང་ཧོང་ཀོང་གཉིས་ངོ་བོ་དབྱེར་མེད་དུ་འགྱུར་སྲིད་པའི་བློ་འཚབ་བྱས་མོད། ད་ལྟ་ལོ་༢༠་ཐམ་པའི་རྗེས་སུ་ཕྱི་མིག་བལྟས་ན་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་ཡུལ་སྤོར་པ་ཕལ་ཆེ་བས་སྐམ་ས་ཆེན་མོའི་འཚོ་བའི་གོམས་གཤིས་དང་ཆབ་སྲིད་ཀྱི་ལྟ་བ་རྣམས་ཡོངས་སུ་དོར་ཏེ། ཁོ་ཚོས་ཧོང་ཀོང་གི་རང་དབང་ཁྲོམ་རའི་ཚོང་ལས་ཀྱི་ལྟ་བ་དང་གཞི་རྩའི་འགྲོ་བ་མིའི་ཡ་རབས་སྤྱོད་བཟང་། ཧོང་ཀོང་ལ་སྲོལ་བཟང་གི་སྤྱི་ཚོགས་ལམ་ལུགས་ཤིག་དར་ཡོད་པ་རྣམས་དྭང་ལེན་བྱས་ནས་རྒྱ་ནག་གི་ཡུལ་སྤོར་པ་རྣམས་ཧོ་ཀོང་བའི་ངོ་བོར་འགྱུར་གྱི་ཡོད་ཅིང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་མི་མང་ཕལ་ཆེ་བས་ཧོང་ཀོང་གི་ཀོང་ཏུང་སྐད་སྦྱངས་པ་དང་སྤྱི་ཚོགས་ཀྱི་རང་དབང་ལ་དགའ་ཞེན། པེ་ཅིང་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་གི་ངོ་བོ་རྩ་བརླག་འགྲོ་སྲིད་པའི་ཉེན་ཀ་ཞིག་ཡོད་པར་མོས་མཐུན་མེད་པའི་རྟགས་མཚན་ཞིག་ཤར་ཡོད་པ་རེད།།

XS
SM
MD
LG