ནོར་བྷེ་ཞི་བདེ་གཟེངས་རྟགས་ཕུལ་ཡང་རྒྱ་ནག་གི་བཙོན་ཁང་དུ་ཡོད་རྐྱེན་ཐད་ཀར་འབུལ་བཞེས་མཛད་སྒོར་ཕེབས་མ་ཐུབ་པ། སྲིད་གཞུང་མགོ་རྟིང་སློག་མཁན་གྱི་ཉེས་འཛུགས་འོག་ལོ་ངོ་བཅུ་གཅིག་ཙམ་ལ་བཙོན་ཁང་དུ་བཅུག་ཡོད་པའི་རྒྱ་རིགས་རྩོམ་པ་པོ་དང་ལས་འགུལ་བ་ལུའུ་ཞོ་པོ་ལ་ད་ལྟ་རྒྱ་ནག་གི་བཙོན་ཁང་དུ་མཆིན་པའི་སྐྲན་ནད་ཕོག་ཏེ་བཙོན་ཁང་གི་ཕྱི་རུ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ། སྐུ་ཞབས་ལུའུ་ཞོ་པོ་བོད་ཀྱི་ཐོག་འབྲེལ་བ་ཅི་ཡོད་བཅས་ཀྱི་སྐོར་ནས་ཚེ་རིང་སྐྱིད་སྙན་སྒྲོན་ཞུ་རྒྱུ་རེད།